ངོས་དང་པོ > གསོ་རིག > གསོ་རིག་གཞུང་ལུགས། > ཞིན་ཧེ་རྫོང་བོད་སྨན་ཁང་གིས"དངུལ་ཆུ་བཙོ་བཀྲུ"འདུལ་སྦྱོང་བྱས།
ཞིན་ཧེ་རྫོང་བོད་སྨན་ཁང་གིས"དངུལ་ཆུ་བཙོ་བཀྲུ"འདུལ་སྦྱོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཞིན་ཧེ་མཉམ་འདྲེས་སྨྱན་སྦྱོར།
དུས་ཚོད།:2025-11-03 08:41:30
ཀློག་གྲངས།:
ཞིན་ཧེ་རྫོང་བོད་སྨན་ཁང་གིས"དངུལ་ཆུ་བཙོ་བཀྲུ"འདུལ་སྦྱོང་གི་ལག་རྩལ་རྒྱུན་འཛིན་གསར་སྐྲུན་ལ་གསོན་ཤུགས་གསར་བ་སྤྲད།
བོད་སྨན་སྨན་རྫས་ནི་རང་རྒྱལ་མི་རིགས་སྨན་རྫས་ཀྱི་བང་མཛོད་ནང་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་དང་འདྲ། ལོ་ངོ་སྟོང་ཕྲག་གི་སྨན་བཅོས་ལག་ལེན་གྱི་བློ་གྲོས་ཉིང་བཅུད་འདུས་ཡོད་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིན་ཧེ་རྫོང་བོད་སྨན་ཁང་གིས"རྒྱུད་འཛིན་རྩ་བར་འཛིན་པ་དང་གསར་གཏོད་སྒུལ་ཤུགས་སུ་བརྩིས"ནས་བོད་སྨན་སྨན་རྫས་སྡེབ་སྦྱོར་གྱི་ལག་རྩལ་མཐོ་ཤོས། རིན་ཆེན་བཙོ་ཐལ་འདུལ་སྦྱོང་གི་བྱ་བར་དམིགས་ནས། རྒྱུད་འཛིན་དང་གསར་གཏོད་ཀྱི་གྲུབ་འབྲས་བཟང་བོ་བླངས།

ལྕགས་ཁམས་ཐད་སྲེག་དང་དངུལ་ཆུ་བཙོ་བཀྲུ་འདུལ་སྦྱོང་བྱེད་པའི་ལག་རྩལ་གྱི་བརྒྱུད་རིམ་རྙོག་འཛིང་ཆེ་ལ་ཚད་གཞི་ཧ་ཅང་མཐོ་བས། བོད་སྨན་སྨན་རྫས་ཡི་ནུས་པ་དང་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཆེ། དེ་བས་ལག་རྩལ་མཐོ་ཤོས་འདི་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་ཆེད། ཞིན་ཧེ་རྫོང་སྨན་ཁང་གིས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་སྟེ་དངུལ་ཆུ་བཙོ་བཀྲུ་འདུལ་སྦྱོང་གི་ལེགས་ཐབས་རྒྱུན་འཛིན་མཁན་ནམ། བོད་ལྗོངས་སྨན་རྩིས་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། དགའ་བོ་རྡོ་རྗེ་ལགས་གདན་དྲངས་ནས་ཡུལ་དངོས་ནས་མཛུབ་སྟོན་བྱ་རུ་བཅུག དེར་མ་ཟད་མཚོ་ལྷོ་ཁུལ་དང་འབའ་རྫོང་། མང་རྫོང་། ཞིན་ཧེ་རྫོང་བཅས་སྨན་ཁང་བཞི་ཡི་རྐང་འཛིན་སྨན་པ་ཉི་ཤུ་རྩ་གསུམ་བསྡུས་ནས། "རྐང་འཛིན་པའི་ཉམས་མྱོང་དང་། མཁས་མང་གིས་མཉམ་འབྲེལ། དབང་ཟིལ་གྱིས་སྣེ་ཁྲིད"བྱེད་པའི་ནང་རྐྱེན་བཙུགས་ཏེ། སྲོལ་རྒྱུན་ལེགས་ཐབས་རྒྱུད་འཛིན་དང་མངའ་ཁོངས་ནས་ལག་རྩལ་མཉམ་ལས་ཀྱི་བྱ་བ་ཤུགས་ཆེར་སྤེལ།

ཞིབ་འཇུག་སྡེ་ཁག་གིས་ཐེངས་མང་ཚོད་ལྟ་བྱས་མཐར། སྲོལ་རྒྱུན་ལག་ལེན་གྱི"གཞི་གྲངས་མེད་པ། ཉམས་མྱོང་བརྟེན་པ"ལས་བརྒལ་ཏེ། ཐོག་མར་དངུལ་ཆུ་བཙོ་བཀྲུའི་འཁྱགས་མཚམས་དང་བཞུ་མཚམས་གྲངས་ཀའི་སྒོ་ནས་གཏན་འབེབས་བྱས་ཏེ་ཚད་ལྡན་ཅན་གྱི་སྒྲིག་སྲོལ་བཙུགས། "མིག་གིས་ལྟ་བ"དང"ལག་པས་རེག་པ"ལས་བརྒལ་ཏེ"འཕྲུལ་ཆས་ཚད་འཛིན་ཅན"དུ་མངོན་འགྱུར་བྱུང་། འདིའི་རྨང་གཞིའི་སྟེང་ནས་སྨན་ཁང་གིས"རྡོ་རྗེ་ཕ་ལམ་འདུལ་ཐབས"སླར་གསོ་བྱས་ཏེ། སྤྱི་རྒྱ30ལྷག་དུལ་ནས"དབང་རིལ་ཤེལ་དཀར་མཆོད་རྟེན"སྡེབ་བཟོ་བྱས་ཤིང་ཨ་མདོ་ས་ཁུལ་གྱི་སྟོང་ཆ་བསྐང་། དེར་མ་ཟད། "ཅོང་ཞི་འདུལ་སྦྱོང་"གི་ལག་ལེན་ནད་ཐོག་དངོས་སུ་བཀོལ་ཏེ། སྤྱི་རྒྱ2.5ཅན་གྱི་ཕོ་རྒྱུའི་ནད་ལ་ཕན་པའི"ཅོང་ཞི་འཕྲུལ་ཐལ"རྡེབ། ནད་པ་མང་པོས་ཐག་ཉེ་ས་ནས་ཁྱད་ནུས་མཐོ་བའི་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས།

ཞིན་ཧེ་རྫོང་བོད་སྨན་ཁང་གིས་རྒྱུན་འཛིན་དང་གསར་གཏོད་ཟུང་དུ་སྦྲེལ་ནས་རིན་ཆེན་བཙོ་ཐལ་གྱི་གནའ་བོའི་སྨན་རྫས་འདུལ་སྦྱོང་ལག་རྩལ་ལ་སྔར་ལས་གསོན་ཤུགས་རྒྱས་སུ་བཅུག་སྟེ། བོད་སྨན་སྨན་རྫས་ལ་དེང་རབས་ཅན་གྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས། མ་འོངས་པར། བོད་སྨན་ཁང་གིས་མུ་མཐུད་དུ་འབད་པའི་གོམ་མཚམས་མི་འཇོག་པར་གསོ་རིག་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ལེགས་ཐབས་འཚོལ་སྙེག་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号