༄༅།།ཨོ་རྒྱན་གྱིས་ལོ་ཙཱ་གནང་བའི《རཱ་མ་ཎའི་རྟོགས་བརྗོད》བོད་འགྱུར་མ་དེ་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

རྩོམ་པ་པོ།:གཙུག་ཏོར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-10 11:21:39 ཀློག་གྲངས།:
ཉེ་ལམ། རྒྱ་གར་གྱི་བརྩམས་ཆོས་གྲགས་ཅན《རཱ་མ་ཎའི་རྟོགས་བརྗོད》ཅེས་པ་འདི་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་གི་ལོ་ཙཱ་བ་ཨོ་རྒྱན་གྱིས་སྐུ་ཞབས་ཆི་ཞེན་ལིན་གྱི་རྒྱ་ཡིག་པར་མ་གཞིར་བཟུང་སྟེ་ཡོངས་སུ་བོད་ཡིག་ཏུ་ལོ་ཙཱ་བྱས་ཚར་བ་མ་ཟད་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ལོ་རྒྱུས་སྙན་རྩོམ་འདིས་ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་བརྗེ་རེས་དང་བོད་ཀྱི་རིག་གནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ངེས་རེད།
རཱ་མ་ཎ( རཱ་མ་ཎའི་རྟོགས་བརྗོད)དང་མ་ཧ་བྷ་ར་ཏ་གཉིས་ནི་རྒྱ་གར་གྱི་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཏུ་བརྩི་ཞིང་། རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་སྟེང་ཆེས་ཐོག་མའི་སྙན་ངག་ཡིན་ཞེས་བརྗོད། དཔེ་ཆ་ཡོངས་སྙན་ངག་གི་ལམ་ནས་ལེགས་སྦྱར་སྐད་ཀྱིས་བྲིས་ཡོད་ལ།  རྩོམ་ཡོངས་ལ་ལེའུ་བདུན་དུ་དབྱེ། ནང་དོན་གཙོ་བོ་ནི་རྒྱལ་སྲས་རཱ་མ་ཎ་དང་ཁོའི་ཆུང་མ་སི་ཏཱ་གཉིས་ཀྱི་གཏམ་རྒྱུད་བརྗོད་ཡོད། རཱ་མ་ཎའི་རྟོགས་བརྗོད་དང་དེ་ལས་ཀྱང་རིང་བའི《མ་ཧ་བྷ་ར་ཏ》གཉིས་ནི་རྒྱ་གར་རིག་གནས་ཀྱི་རྨང་གཞི་ཡིན་ལ། རྒྱ་གར་གྱི་རྩོམ་རིག་དང་། ཆོས་ལུགས་ཀྱི་འཕེལ་རྒྱུས་ལ་ནུས་བ་བླ་ན་མེད་པ་བཏོན་ཡོད། 
རཱ་མ་ཎ( རཱ་མ་ཎའི་རྟོགས་བརྗོད)དང་མ་ཧ་བྷ་ར་ཏ་གཉིས་ནི་རྒྱ་གར་གྱི་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཏུ་བརྩི་ཞིང་། རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་སྟེང་ཆེས་ཐོག་མའི་སྙན་ངག་ཡིན་ཞེས་བརྗོད། དཔེ་ཆ་ཡོངས་སྙན་ངག་གི་ལམ་ནས་ལེགས་སྦྱར་སྐད་ཀྱིས་བྲིས་ཡོད་ལ། རྩོམ་ཡོངས་ལ་ལེའུ་བདུན་དུ་དབྱེ། ནང་དོན་གཙོ་བོ་ནི་རྒྱལ་སྲས་ར་མ་ནཱ་དང་ཁོའི་ཆུང་མ་སི་ཏཱ་གཉིས་ཀྱི་གཏམ་རྒྱུད་བརྗོད་ཡོད། རཱ་མ་ཎའི་རྟོགས་བརྗོད་དང་དེ་ལས་ཀྱང་རིང་བའི《མ་ཧ་བྷ་ར་ཏ》གཉིས་ནི་རྒྱ་གར་རིག་གནས་ཀྱི་རྨང་གཞི་ཡིན་ལ། རྒྱ་གར་གྱི་རྩོམ་རིག་དང་། ཆོས་ལུགས་ཀྱི་འཕེལ་རྒྱུས་ལ་ནུས་བ་བླ་ན་མེད་པ་བཏོན་ཡོད།
ལོ་རྒྱུས་སྙན་རྩོམ་འདིའི་རྩོམ་པ་པོ་ནི་སློབ་དཔོན་གྲོག་མཁར་ཡིན།  དེ་ཡང་རཱ་མ་ཎ་ཐོག་མར་ངག་ནས་དར་བ་དང་། ཡུལ་དུས་ཀྱི་ཆོས་དང་བསྟུན་ནས་ཁ་སྣོན་དང་དོར་བ་གང་མང་བྱུང་། ཡི་གེར་ཕབ་རྗེས་ཀྱང་གཅིག་གྱུར་གྱི་དེབ་བྱུང་མེད།ཚང་མས་སྤྱི་མཐུན་གྱིས་དཔེ་ཆ་ཡོངས་ཀྱི་ལེའུ་བདུན་ལས་ལེའུ་དང་པོ་དང་བདུན་པ་ཕྱིས་སུ་བྲིས་ལ། ལེའུ་གཉིས་པ་ནས་དྲུག་པ་དཔེ་ཆའི་དེའི་ཐོག་མའི་ཆ་ཡིན། 
དེའི་རྐྱེན་གྱིས། ཤོ་ལོ་ཀ24000ཡོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་དུས་ཐུང་ངུ་ཞིག་ཏུ་བྲིས་པ་ཡིན་མི་སྲིད་དོ།། མིག་སྔར་ཡོ་རབ་ཀྱི་ཆེད་མཁས་པས་དཔེ་ཆ་འདི་ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་དྲུག་ནང་མཛད་པར་འདོད།
བོད་ཀྱི་ལོ་རྒྱུས་སྟེང་དུ། ལོ་ཆིག་སྟོང་སྔོན་གྱི་བསྟན་པ་སྔ་དར་རིང་ནས་རཱ་མ་ཎ་ཡི་བསྒྱུར་དཔེ་མི་གཅིག་པ་བྱུང་ཡོད་ཅིང་། ཡུན་རིང་བའི་ལོ་རྒྱུས་འཕེལ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་བོད་ཀྱི་རིག་གནས་ལ་ཡང་རཱ་མ་ཎའི་རྟོགས་བརྗོད་ཀྱི་ཤུགས་རྐྱེན་ཚད་མི་འདྲ་ཐེབས་པ་རེད། འོན་ཀྱང་ད་ལྟའི་བར་དུ།  བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་སྟེང་ར་ན་མཱ་ཡོངས་སུ་བསྒྱུར་བ་ཞིག་བྱུང་མེད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།