ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་ཁུལ་གྱིས་ཧོའི་པེ་ཝུའུ་ཧེན་དུ་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་བསྡུས།
མཚོ་ལྷོ་ཁུལ་གྱིས་ཧོའི་པེ་ཝུའུ་ཧེན་དུ་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-05-12 15:24:24
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་ཁུལ་གྱིས་ཧོའི་པེ་རིག་གནས་ཡུལ་སྐོར་མཐུན་ཚོགས་ཚད་ཡོད་ཀུང་ཟིར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཝུའུ་ཧེན་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་བསྡུས།
ཧོའོ་པེ་ཞིང་ཆེན་གྱི་ཡུལ་སྐོར་ལས་དོན་ཁང20དང་གསར་འགྱུར་སྨྱན་སྦྱོར་འཐུས་ཚབ་པ5བྱ་འགུལ་ཁྲོད་ཞུགས། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ལས་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་ཚོང་འགུག་དངུལ་འདྲེན་དང་མཁའ་དབྱིངས་ལྗོངས་རྒྱུའི་དཔལ་འབྱོར་གྱི་ལམ་ཐིག་ཆེན་པོ་གསུམ་གཙོར་འཛིན་པ་དང་། རང་ཁུལ་གྱི་རྨ་ཆུའི་བཞུར་རྒྱུད་སྐྱེས་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཞིར་བཟུང་ནས། ཧོའོ་པེ་ཚོང་ར་རྒྱ་སྐྱེད་དང་མཚོ་ལྷོའི་རིག་གནས་ཡུལ་སྐོར་ཁྱད་ཆོས་མངོན་པ་བཅས་དམིགས་འབེན་དུ་བཟུང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱ་དགོས།

འོས་སྦྱོར་ཚོགས་འདུ་དྲིལ་སྒྲོག་བརྙན་རིས་བརྒྱུད་ནས། མཚོ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྟོན་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ18ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་རང་བྱུང་ལྗོངས་ཁུལ་དང་ཁྱད་ཆོས། ཡུལ་སྲོལ་ཁྱད་ཆོས། ཞབས་ཕྱིའི་ནུས་པ་སོགས་མཚམས་སྦྱོར་བྱས་ཡོད་ལ། བརྙན་རིས་དང་སྒྲོག་འགྲེལ་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས། ཁྲི་ཀ་རྫོང་དང་གུང་ཧོ་རྫོང་གི་ཡུལ་སྐོར་ཐོན་ཁུངས་དང་ཚོང་འགུག་དངུལ་འདྲེན་ལས་གཞི། མཁའ་དབྱངས་ཡུལ་སྐོར་དཔལ་འབྱོར་གྱི་མ་འཇོག་ནུས་པ་དང་མཉམ་འབྲེལ་མདུན་ལྗོངས་གཙོར་བཟུང་ནས་འོས་སྦྱོར་བྱས་པ་རེད།
ཡུལ་དངོས་སུ་ཚོགས་ཞུགས་མི་སྣར«མཚོ་ལྷོ་ཁུལ་གྱི་འཁོར་གཏོང་ཡུལ་སྐོར་དོན་ཚན8གྱི་ཡུལ་སྐོར་ཉམས་ལེན»དང«811མཚོ་ལྷོ་ཁུལ་གྱི་འཁོར་གཏོང་ཡུལ་སྐོར»སོགས་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ཡིག་ཆ་བཀྲམས་པ་རེད། འོས་སྦྱོར་ཚོགས་འདུའི་རྗེས་སུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཡུལ་སྐོར་བྱ་དགའི་སྲིད་ཇུས་དང་ཡུལ་སྐོར་ལམ་ཐིག་གསར་སྤེལ། འཁོར་གཏོང་ཡུལ་སྐོར་མནའ་འབྲེལ་མཉམ་འབྲེལ་སྐུལ་སྤེལ། ས་ཁོངས་ཡོངས་སུ་རིག་གནས་ཡུལ་སྐོར་ཞིབ་འཇུག་སོགས་ཀྱི་ཕྱོགས་ནས་བྱ་བའི་གཙོ་གནད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཉམས་སྤྱོད་དང་། སྐྱེ་ཁམས་ཡུལ་སྐོར་དམིགས་སའི་སྔོན་བསྐྱོད་ཁུལ་མཉམ་སྐྲུན་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་སོགས་གྲོས་དོན་ལ་མཉམ་དུ་གྲོས་ཞིབ་བྱས་ཏེ། མཉམ་དུ་ཐབས་ལམ་གསར་བ་འཕེལ་རྒྱས་སུ་བཏང་།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།