༄༅། །དུས་གསུམ་ཐོར་བུ་བའི་སྦྱོར་ཚུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-26 09:12:01 ཀློག་གྲངས།:
དུས་ཀྱི་དབྱེ་བ་ཁར་ཁེར་རེ། །
འཕུལ་རེས་བསྟན་ལ་དུས་གསུམ་སྤྱིར། །
རྗེས་འཇུག་ཡང་འཇུག་ཡོད་མེད་དང་། །
དབྱངས་ཀྱི་འགྱུར་བས་བསྟན་པ་ནི། ། 
ཐོར་བུ་བ་སྟེ་མིང་གཞི་ནི། །
ཉུང་ངུ་ཙམ་ལས་གཅིག་པ་དང་། །
ཡིག་གཟུགས་འགྱུར་མེད་དུས་ཀྱི་ཁྱད། །
ཚིག་གྲོགས་སྦྱར་ནས་བསྟན་པའོ། །
དུས་གསུམ་ཐོར་བུ་བ་ནི། དུས་གསུམ་གྱི་དབྱེ་བ་ཁར་ཁེར་རེ་སྔོན་འཇུག་རེས་བསྟན་པ་མ་གཏོགས། སྤྱིར་དུས་གསུམ་སྐུལ་ཚིག་དང་བཞིའི་རྣམ་བཞག་ནི་འཇུག་ཡང་འཇུག་དང་། ན་རོ་འགྲེང་བུ་ཐོབ་མིན་གྱིས་བསྟན་པ་ཞིག་སྟེ། དེ་ཡང་འཕུལ་དང་མིང་གཞི་ཁར་ཁེར་ཙམ་ལས་འགྱུར་བ་མེད་པ། ད་ལྟ་བ་ཁ་ཤས་ལ་འས་འཕུལ་དང་། འདས་པ་ཉུང་ངུ་ལ་བས་འཕུལ་ཐོབ་པ་མ་གཏོགས་གཅིག་ཏུ་ངེས་ཤིང་། དབྱངས་ཡིག་ཀྱང་སྐུལ་ཚིག་ཉུང་ཉུང་ལ་ཨོ་དང་། ད་ལྟ་བ་ཁར་ཁེར་ལ་ཨེའམ་ཨོ་ཐོབ་པ་མ་གཏོགས་འདྲ་ལ། སྐོར་ཞིག་འཕུལ་གཏན་ནས་མི་འཐོབ། ཡིག་གཟུགས་འགྱུར་བ་མེད་པའང་སྐོར་ཞིག་ཡོད། དེ་ལུགས་དཔེར་མཚོན་ན།
ཀ  ལམ་དུ་དཀྱུ་བྱ་དཀྱུ་བྱེད་དཀྱུས་ཤིག་དཀྱུས།
ཁ  སྔོན་དུ་འཁྲིད་བྱ་འཁྲིད་བྱེད་འཁྲིད་ཅིག་ཁྲིད།
ག བརྟག་དཔྱད་བགྱི་བྱ་བགྱིད་བྱེད་གྱིས་ཤིག་བགྱིས།
ང མི་སྣ་མངག་བྱ་མངག་བྱེད་མངགས་ཤིག་མངགས།
ཅ  རང་སྲོག་ལྕེབ་བྱ་ལྕེབ་བྱེད་ལྕེབས་ཤིག་ལྕེབས།
ཆ  རུས་པ་འཆའ་བྱ་འཆའ་བྱེད་འཆོ་ཞིག་འཆོས།
ཇ ལྐོག་ཏུ་འཇབ་བྱ་འཇབ་བྱེད་འཇོབས་ཤིག་འཇབས། 
ཉ དཔེ་ཁྲིད་མཉན་བྱ་ཉན་བྱེད་ཉོནད་ཅིག་མཉནད། པགས་པ་མཉེ་བྱ་ཉེད་བྱེད་མཉེས་ཤིག་མཉེས།
ཏ ཕན་ཚུན་གཏུག་བྱ་གཏུག་བྱེད་གཏུགས་ཤིག་གཏུགས། 
ཐ གློག་སྐུད་འཐེན་བྱ་འཐེན་བྱེད་འཐེནད་ཅིག་འཐེནད། 
ད མགྲོན་དུ་དྲང་བྱ་འདྲེན་བྱེད་དྲོངས་ཤིག་དྲངས། 
ན གདམས་ངག་མནོ་བྱ་ནོད་བྱེད་ནོས་ཤིག་མནོས། 
པ ཐུར་དུ་དཔྱང་བྱ་དཔྱོང་བྱེད་དཔྱོངས་ཤིག་དཔྱངས། ཕྲུལ་བར་དཔྲུལ་བྱ་དཔྲུལ་བྱེད་དཔྲུལད་ཅིག་དཔྲུལད། གོ་གནས་སྤག་བྱ་སྤོག་བྱེད་སྤོགས་ཤིག་སྤགས།
ཕ  གད་སྙིགས་ཕྱག་བྱ་འཕྱག་བྱད་ཕྱགས་ཤག་ཕྱགས།
བ  དང་དུ་བླང་བྱ་ལེན་བྱེད་ལོངས་ཤིག་བླངས། རྫ་མར་བླུག་བྱ་ལྡུག་བྱེད་བླུགས་ཤིག་བླུགས། ཇ་ཆང་བླུད་བྱ་ལྡུད་བྱེད་བླུད་ཅིག་བླུད། གསང་བ་སྤ་བྱ་སྦྤེད་བྱེད་སྦོས་ཤིག་སྦས། 
མ  བདེ་སྡུག་མྱང་བྱ་མྱོང་བྱེད་མྱོངས་ཤིག་མྱངས། རི་མ་རྨོ་བྱ་རྨོད་བྱེད་རྨོས་ཤིག་རྨོས། 
ཙ  ཐལ་འཚུབ་གཙུབ་བྱ་གཙུབ་བྱེད་གཙུབས་ཤིག་གཙུབས།
ཚ  ནོར་ལུག་འཚོ་བྱ་འཚོ་བྱེད་འཚོས་ཤིག་འཚོས། 
ཛ  ཕྲིན་ལས་མཛད་བྱ་མཛད་བྱེད་མཛོད་ཅིག་མཛད། 
ཞ  འོ་ཞག་གཞབ་བྱ་གཞབ་བྱེད་གཞོབས་ཤིག་གཞབས།
ཟ  ཟ་མ་བཟའ་བྱ་ཟ་བྱེད་ཟོ་ཞིག་ཟོས། 
ཡ  སྐོག་ཏུ་ཡིབ་བྱ་ཡིབ་བྱེད་ཡིབས་ཤིག་ཡིབས། 
ར  སྟོན་མོ་རོལ་བྱ་རོལ་བྱེད་རོལད་ཅིག་རོལད། 
ལ  ཁ་ནས་ལབ་བྱ་ལབ་བྱེང་ལོབས་ཤིག་ལབས།
ཤ སྐམས་ལུག་བཤའ་བྱ་བཤའ་བྱེད་ཤོས་ཤིག་བཤས།
ས  བུད་ཤིང་གསེ་བྱ་གསེ་བྱེདགསེས་ཤིག་གསེས།
འགྱུར་མེད   དཀའ་ཐུབ་དཔྱད་བཟོད་མུ་འཐུད་འཐུབ་བཞིན་ལས། རེ་བ་གྲུབ་པས་ཀུན་གྱིས་ཡང་ཡང་བསྟད། ལྟ་བུ་སོགས་ཏེ། འདི་རིགས་ལས་མ་འོངས་པའི་མཐའ་མེད་དམ་འ་མཐའ་སྐོར་ཞིག་གི་དོད་དུ་ད་དང་། ང་མཐའ་ཁ་ཤས་ཀྱི་དོད་དུ་ན་སྦྱར་ན་ད་ལྟ་བར་གྲུབ་པ། ད་ལྟ་བ་མཐའ་མེད་དམ་འ་མཐའ་ཅན་ལ་རྗེས་འཇུག་ས་དང་། རྗེས་འཇུག་ཅན་ལ་ཡང་འཇུག་སྦྱར་ན་འདས་པར་གྲུབ་པ། དབྱངས་བཞི་གང་རུང་མ་འོངས་པར་ཐོབ་ན་དེ་བྱིངས་ཀུན་ལ་ཐོབ་པ། མ་འོངས་པ་དང་འདས་པར་དབྱངས་མི་འཐོབ་པ་ཅན་གྱི་ད་ལྟ་བ་མང་ཕྱོགས་དང་སྐུལ་ཚིག་དག་ལ་ན་རོ་ཐོབ་པ་དང་། ད་ལྟ་བ་ཉུང་ཤས་ལ་འགྲེང་བུ་ཐོབ་པ་ཡང་ཡོད། མིང་གཞི་ལས་བླུའི་ད་ལྟ་བའི་དོད་དུ་ལྡུ་འཇུག་པ་ཙམ་ལས། དེ་བྱིངས་ཚང་ངོ་ཅོག་གཅིག་པ། གསལ་བྱེད་ཝ་འ་ཧ་ཨ་བཞི་ལས་གཞན་ཉེར་དྲུག་བྱེད་པ་གཞན་དང་འབྲེལ་བའི་བྱ་བའི་མིང་གི་མིང་གཞིར་འཇུག་པའོ།།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།