ངོས་དང་པོ > རྩེད་འཇོ། > ལུས་རྩལ། > མཚོ་སྔོན་གྱི་རྐང་གྲུག་འགྲན་སྡུར་སྐབས་གཉིས་པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།
མཚོ་སྔོན་གྱི་རྐང་གྲུག་འགྲན་སྡུར་སྐབས་གཉིས་པ་མི་འགྱངས་པར་མགོ་རྩོམ་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-04-30 08:36:47
ཀློག་གྲངས།:
ཟླ4པའི་ཚེས28ཉིན། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ཅེས་པའི་རྐང་གྲུག་འགྲན་སྡུར་སྐབས་གཉིས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ། ཚོགས་འདིའི་སྟེང་མཉམ་འགྲན་སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་སྡུར་གྱི་བརྗོད་དོན་གླུ་དབྱངས་དང་འགྲན་རིམ་གྱི་དུས་ཚོད་སོགས་ཆ་འཕྲིན་མང་པོ་ཁྱབ་བསྒྲགས་བྱས།
“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ཅེས་པའི་རྐང་གྲུག་འགྲན་སྡུར་སྐབས་གཉིས་པའི་མཛད་སྒོ་ཟླ5པའི་ཚེས10ཉིན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ཞིང་། དུས་ཡུན་ཟླ5པ་ནས་ཟླ9པའི་བར་མཚོ་སྔོན་གྱི་མངའ་ཁོངས་ནས་འགྲན་སྡུར་བྱ་རྒྱུ། ཐེངས་འདིར་འགྲན་ཞུགས་རུ་ཁག8ཡོད་པ་དང་འགྲན་སྐོར14བརྒྱུད་ནས་མཐའ་མའི་རྒྱལ་ཕམ་རྩོད་རྒྱུ། མཛད་སྒོའི་ཉིན་མོར་མཚོ་སྔོན་གྱི་རུ་ཁག་དང་ཀོས་ཀྲོའུ་རུ་ཁག་གིས་འགྲན་སྡུར་བྱ་རྒྱུ་རེད།
ཐེངས་འདིར་དམིགས་བསལ་བྱ་དགའ་གཅིག་དང་ཨང་དང་པོ་གསུམ། ཨང་གཉིས་པ15། ཨང་གསུམ་པ30བཅས་བཀོད་སྒྲིག་བྱས་ཡོད་ཅིང་། དེར་དམིགས་བསལ་བྱ་དགར་སྒོར་ཁྲི1.5ཅན་གྱི་འཛད་སྤྱོད་བྱང་བུ་གཅིག་དང་། ཨང་དང་པོའི་བྱ་དགར་ནོར་ནག་གཅིག །ཨང་གཉིས་པའི་བྱ་དགར་འབྲོག་ལུག་གཅིག །ཨང་གསུམ་པའི་བྱ་དགར་སྒོར500ཡི་རིན་ཐང་ཡོད་པའི་ཁྱད་ལྡན་ཐོན་རྫས་ཀྱི་ལེགས་སྐྱེས་གཅིག་བཅས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།