གཞིས་རྩེའི་པ་སྣམ་རྫོང་བཀྲ་ཤར་ཤང་གི་མགོ་རྩིས་སྲོལ་རྒྱུན་བྱེད་སྒོ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2019-09-16 10:42:00 ཀློག་གྲངས།:


བོད་ཀྱི“མགོ་རྩིས”སྲོལ་རྒྱུན་བྱེད་སྒོ།

     མགོ་རྩིས་ནི་བོད་ཀྱི་འབྲོག་ཁུལ་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན་ལ། འབྲོག་པས་དེ་ལ་བརྟེན་ནས་རང་ཁྱིམ་གྱི་ལུག་གི་གྲངས་འབོར་གྱི་འཕར་ཆག་མངོན་པར་བྱེད་ཀྱི་ཡོད། མཛད་སྒོའི་ཐོག་འབྲོག་པས་ལུག་ཁྱུ་ནས་ལུག་གཅིག་བཟུང་བ་དང་འབྲེལ། ལུག་དེར་བསྔགས་བརྗོད་བྱས་ཏེ་ཕྱི་ལོར་རྩྭ་ཆུ་བཟང་བ་དང་ནོར་ལུག་ཤ་ཤེད་རྒྱས་པའི་སྨོན་ལམ་འདེབས་ཀྱི་ཡོད། སྤྱི་ཟླ9བའི་ཚེས9ཉིན། བོད་ལྗོངས་གཞིས་རྩེའི་པ་སྣམ་རྫོང་བཀྲ་ཤར་ཤང་གི་མགོ་རྩིས་སྲོལ་རྒྱུན་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།


འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།