ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་ལྷོ་ཁུལ་གྱིས“འཛམ་གླིང་ཆུའི་ཉིན་མོ”དང་བསྟུན་ནས་ཆུ་གྲོན་ཆུང་བྱེད་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
མཚོ་ལྷོ་ཁུལ་གྱིས“འཛམ་གླིང་ཆུའི་ཉིན་མོ”དང་བསྟུན་ནས་ཆུ་གྲོན་ཆུང་བྱེད་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-03-23 10:12:30
ཀློག་གྲངས།:
དྭངས་གཙང་ཆུ་མོའི་བཞུར་རྒྱུན། ཁྱོད་དང་ང་ཡིས་སྲུང་ཡོད།

2023ལོའི་ཟླ3པའི་ཚེས22ཉིན་ནི་སྐབས་སོ་གཅིག་པའི“འཛམ་གླིང་ཆུའི་ཉིན་མོ”དང་། ཟླ3པའི་ཚེས22ནས28ཉིན་ནི་སྐབས36པའི“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དུས་ཚོད་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས2023ལོའི“འཛམ་གླིང་ཆུའི་ཉིན་མོ”ཞེས་པའི་བརྗོད་བྱ་གཙོ་བོ་སྟེ“Acceraterating Change”ཞེས་པ་གཏན་འཁེལ་བྱས་ཤིང་། རང་རྒྱལ་གྱིས2023ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”བཅས་ཀྱི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི། “ཁྲིམས་ལྟར་ཆུ་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལག་གདང་གཅིག་ཏུ་སྦྲེལ་ནས་མ་ཡུམ་གཙང་བོར་སྲུང་སྐྱོང་བྱེད་དགོས”ཞེས་པ་དེ་རེད།

ཟླ3པའི་ཚེས22ཉིན་གྱི་སྔ་དྲོར། རང་ཁུལ་གྱིས“དྭངས་གཙང་ཆུ་མོའི་བཞུར་རྒྱུན། ཁྱོད་དང་ང་ཡིས་སྲུང་ཡོད།”ཅེས་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་སྐུལ་སློང་བྱས་ཏེ་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ལྗང་མདོག་དང་རྒྱུན་མཐུད། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།