ལྷ་རིས་སྒྱུ་རྩལ་པ་ཤ་བོ་རྒྱ་མཚོ་ཡི«རེབ་གོང་ཐང་གའི་སྒྱུ་རྩལ»ཞེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

རྩོམ་པ་པོ།: ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2025-05-29 08:26:56 ཀློག་གྲངས།:
       ཉེ་སྔོན། རྨ་ལྷོ་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ལྷ་རིས་སྒྱུ་རྩལ་པ་ཤ་བོ་རྒྱ་མཚོ་ཡི«རེབ་གོང་ཐང་གའི་སྒྱུ་རྩལ»ཞེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་བསྡུས། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ལས་རིགས་ཀྱི་ཆེད་མཁས་པ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་མཁན་སོགས་མི40ལྷག་མཛད་སྒོར་ཞུགས།
       འགྲེམ་སྤེལ་མཛད་སྒོའི་སྟེང་དུ། ཤ་བོ་རྒྱ་མཚོས་གསར་རྩོམ་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་དང་གསར་རྩོམ་གྱི་མྱོང་ཚོར་སོགས་བརྗོད་ཅིང་། རྒྱུ་ཆ་འདེམ་པ་དང་སྐྱ་རིས་འདེབས་པ་ནས་དངོས་སུ་འབྲི་བཞེངས་བྱེད་པའི་བར་གྱི་ཞིབ་ཆ་རེ་རེའི་ཁྲོད་དུ་ཐང་གའི་སྒྱུ་རྩལ་ལ་བཅངས་པའི་དུངས་ཞེན་མངོན་པ་དང་། ཡུལ་དངོས་ཀྱི་སྐུ་མགྲོན་དག་ལ་ཁོའི་སྒྱུ་རྩལ་གསར་རྩོམ་ཁྲོད་ཀྱི་དཀའ་སྡུག་དང་བརྟན་སྲུང་གི་སེམས་ཤུགས་ཚོར་དུ་བཅུག
       མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་པད་ཁོ་དང་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོ་དགེ་འདུན་དར་རྒྱས། ནུབ་བྱང་མི་རིགས་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་དོན་འགྲུབ་སོགས་ཆེད་མཁས་པ་དག་གིས་ཆེད་ལས་ཀྱི་ཟུར་ཚད་ནས་དེབ་གསར་ལ་འགྲེལ་བཤད་དང་གདེང་འཇོག་ཆེན་པོ་གནང་སྟེ། དེབ་འདིས་རེབ་གོང་ཐང་གའི་སྒྱུ་རྩལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་དར་ཁྱབ། ཁྱད་ཆོས་སོགས་ལ་འགྲེལ་བཤད་གསལ་པོ་བྱས་པར་མ་ཟད། ཤ་བོ་རྒྱ་མཚོ་ཡི་ཐང་ག་གསར་རྩོམ་ཁྲོད་ཀྱི་སྒྱུ་རྩལ་གྱི་ཆུ་ཚད་དང་རྣམ་པ་གསར་གཏོད་ཕྱོགས་ལ་དབྱེ་ཞིབ་གསལ་པོ་བྱས་ཤིང་། རེབ་གོང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་དང་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དར་སྤེལ་ལ་རིག་གཞུང་གི་རིན་ཐང་དང་དོན་དངོས་ཀྱི་རིན་ཐང་གལ་ཆེན་ལྡན་པར་བརྗོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།