ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་འཚོགས།
«“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་འཚོགས།
རྩོམ་པ་པོ།:བསོད་ནམས་མཚོ་མོ་སོགས།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2025-06-12 08:19:23
ཀློག་གྲངས།:
ཟླ6ཚེས10ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི་མཚམས་འདིར། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་གོའི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་མཉམ་དུ་གཙོ་གཉེར་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བའི«“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། པེ་ཅིང་དང་། མཚོ་སྔོན། སི་ཁྲོན་སོགས་ཀྱི་ལྗོངས་ཕྱི་ནང་གི་རིག་གནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་དཔེ་རྙིང་སྲུང་སྐྱོང་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི200ལྷག་ཙམ་ད་ཐེངས་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། པེ་ཅིང་དང་། མཚོ་སྔོན། སི་ཁྲོན་སོགས་ཀྱི་ལྗོངས་ཕྱི་ནང་གི་རིག་གནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་དཔེ་རྙིང་སྲུང་སྐྱོང་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི200ལྷག་ཙམ་ད་ཐེངས་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད།

ལོ་མང་རིང་བོད་ཡིག་དཔེ་རྙིང་ལས་དོན་པ་ཚོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་དཔེ་སྐྲུན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་གྱི་སྤུས་ཚད་ལ་མཐོང་ཆེན་གྱིས་སྙིགས་དོར་བཅུད་ལེན་དང་། གནའ་བཟང་དེང་སྤྱོད་ཀྱི་བླང་དོར་འཕྱུག་པ་མེད་པ་བགྱིས་ནས། དཔེ་རྙིང་འཚོལ་བསྡུ་དང་། མྱུར་སྐྱོབ། ལེགས་སྒྲིག དཔེ་སྐྲུན་བཅས་ཀྱི་ལས་དོན་སྤེལ་བར་དགའ་འོས་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། རྒྱལ་ཕྱི་རྒྱལ་ནང་གི་བོད་རིག་པའི་ཁྱབ་ཁོངས་ནང་ཚང་མས་ཚད་མཐོའི་གདེང་འཇོག་དང་བསྔགས་བརྗོད་བྱེད་བཞིན་ཡོད། དེའི་ཁྲོད«“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»ཞེས་པ་འདི་ནི་སྔོན་བྱོན་གྱི་རིག་པའི་དཔའ་བོ་བརྒྱ་ཡིས་བློ་གྲོས་ཀྱི་རྩལ་བཏོན་ཞིང་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ནས་བྱུང་བའི་མིང་དོན་མཚུངས་པའི་གངས་ཅན་བོད་ཀྱི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་ཞིང་། དཔེ་ཚོགས་དཔེ་བརྒྱ་མ་འདིས་རྩ་ཆེའི་དཔེ་རྙིང་དང་། མཐོང་རྒྱུན་དཀོན་པའི་དཔེ་རྙིང་། མ་དཔེ་དཔེ་གཅིག་མ། ཐ་ན་སྟོངས་ལ་ཉེ་བའི་དཔེ་རྙིང་སོགས་མེས་པོ་དམ་པའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་གཅེས་ནོར་མང་པོ་ཞིག་མྱུར་སྐྱོབ་ཀྱིས་རྒྱ་ཆེའི་ཀློག་པ་པོའི་སྤྱན་གྱི་གཟིགས་མོར་བཤམས་ཡོད།

དེ་དང་དུས་མཚུངས་སྤྱི་ཚོགས་ཚན་རིག་དང་། བོད་རིག་པའི་ཞིབ་འཇུག་གི་ལས་དོན་ནང་མཁོ་གལ་ཆེ་བའི་ལོ་རྒྱུས་དང་ཆོས་འབྱུང་། ཆབ་སྲིད་དཔལ་འབྱོར། སྐད་ཡིག་རྩོམ་རིག དམངས་སྲོལ་ཁྲིམས་ལུགས། ས་ཁམས་ཡུལ་ལྗོངས་སོགས་ཀྱི་ཐད་རིག་ལམ་དཔྱད་ཐབས་ཀྱི་རིན་ཐང་ཆེ་ལ། སྔར་ནས་དཔེ་རྒྱུན་དཀོན་པའི་དཔེ་རྙིང་ལའང་དོ་སྣང་ཆེན་པོ་གནང་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་དཔེ་སྐྲུན་གནང་བས། བོད་རིག་པའི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མདོར་ན«“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»དཔེ་སྐྲུན་ཐུབ་པ་འདི་ནི། བོད་མི་རིགས་ཀྱི་ཕུལ་བྱུང་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་གྱི་བྱ་བཞག་རླབས་པོ་ཆེ་ཞིག་ཡིན་པ་མ་ཟད། བོད་རིག་པའི་ཞིབ་འཇུག་དང་། བོད་ཀྱི་རིག་གནས་དོན་གཉེར་མཁན་ལ་ཕན་པ་ཤིན་ཏུ་ཆེ་བའི་བྱ་གཞག་ཅིག་རེད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་ཕུལ་བའི་རིག་གནས་ཀྱི་ཕྱག་རྟགས་ཤིག་ཡིན་པའི«“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས»ཀྱི་དཔེ་ཕུད་འགྲེམས་སྤེལ་དང་ལེགས་འབུལ་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགསའགྲེམས་སྤེལ་བྱས་པ་དེས། དུས་རབས་གསར་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་ལ་སྟེགས་བུ་གསར་པ་ཞིག་བཏོད་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྟོབས་ཤུགས་བསྣན་ཡོད་པ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།