«ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་བླང་བྱ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-15 08:00:00 ཀློག་གྲངས།:
       ཀྲུང་དབྱང་གིས་ཞིབ་འཇུག་ཡང་ཡང་བྱས་མཐར། ཐེངས་འདིའི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ལས་འགན་གཙོ་བོ་ནི་སྤྱོད་ལམ་ལེགས་བཅོས་ཀྱི་སྟེང་དུ་བཞག་སྟེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་པའི་སྤྱོད་ཚུལ་བཞི་ཡི་གནད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱ་རྒྱུ་གཏན་འཁེལ་བྱས་པ་ཡིན།
       སྤྱོད་ཚུལ་བཞི་ལ་དམིགས་པ་གཏོད་དགོས་དོན་ཅི་ཞིག་ཡིན་ནམ་ཞེ་ན། སྤྱོད་ཚུལ་བཞི་ནི་ང་ཚོའི་ཏང་གི་ངོ་བོ་དང་དམིགས་ཡུལ་དང་རྒྱབ་འགལ་ཡིན་པ་དང་། མིག་སྔར་མང་ཚོགས་ཞེ་སྡང་ལང་ཆེ་ཤོས་དང་བསམ་འཆར་འདོན་ཆེ་ཤོས་ཀྱི་གནད་དོན་ཡིན་ལ། ཏང་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་གཏོང་བའི་འབྱུང་རྩ་གཙོ་བོ་ཡང་ཡིན་པས་རེད། ཏང་ནང་ཁུལ་དུ་གནས་པའི་གནད་དོན་གཞན་དག་ཚང་མ་སྤྱོད་ཚུལ་བཞི་དང་འབྲེལ་བ་ཡོད་པའམ། ཡང་ན་སྤྱོད་ཚུལ་བཞི་ལས་མཆེད་དེ་བྱུང་བ་རེད། སྤྱོད་ཚུལ་བཞི་ཡི་གནད་དོན་ཐག་གཅོད་ཡག་པོ་བྱས་ན། ཏང་ནང་གི་གནད་དོན་གཞན་པ་ཁག་ཅིག་ཐག་གཅོད་བྱེད་པར་ཆ་རྐྱེན་སྔར་བས་ཡག་པོ་འཇོམས་ཐུབ།
—«ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་བླང་བྱ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་དགོས།» (༢༠༡༣ལོའི་ཟླ༦ཚེས༡༨ཉིན།«ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།»པོད་དང་པོ། ཕྱི་ཡིག་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༧༤པ།
  中央反复研究,决定把这次教育实践活动的主要任务聚焦到作风建设上,集中解决形式主义、官僚主义、享乐主义和奢靡之风这“四风”问题。
  为什么要聚焦到“四风”上呢?因为这“四风”是违背我们党的性质和宗旨的,是当前群众深恶痛绝、反映最强烈的问题,也是损害党群干群关系的重要根源。党内存在的其他问题都与这“四风”有关,或者说是这“四风”衍生出来的。“四风”问题解决好了,党内其他一些问题解决起来也就有了更好条件。
—《准确把握党的群众路线教育实践活动的指导思想和目标要求》2013年6月18日《习近平谈治国理政》第一卷 外语出版社2018年版 第374页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།