ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ༄༅། །«གཏམ་རྒྱུད་གསེར་ཐང»ལས་མངོན་པའི་ལོ་རྒྱུས་བརྟག་ཐབས་སྐོར་གླེང་བ།
༄༅། །«གཏམ་རྒྱུད་གསེར་ཐང»ལས་མངོན་པའི་ལོ་རྒྱུས་བརྟག་ཐབས་སྐོར་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-04 09:24:14
ཀློག་གྲངས།:
དང་པོ། ལོ་ཚིགས་གཙོར་བཟུང་གི་སྒོ་ནས་བརྟག་པ།
སྤྱིར་བཏང་དེང་གི་ཆར་ལོ་རྒྱུས་ཞིབ་འཇུག་གནང་མཁན་ལ་མཚོན་ན་ཐབས་ལམ་འདི་དག་ནི་རྒྱུན་ཤེས་ལྟ་བུར་གྱུར་ཡོད་ཀྱང་སྲིད་མོད། བོད་ཀྱི་སྔ་མའི་ཆོས་འབྱུང་དང་ལོ་རྒྱུས་རྩོམ་མཁན་རྣམས་ཀྱིས་ཐབས་ལམ་འདི་དག་བཀོལ་སྤྱོད་ཆེར་བྱས་མེད་པས། ཐབས་ལམ་གསར་པ་འདི་དག་བཀོལ་སྤྱོད་གནང་མཁན་གྱི་བོད་རིགས་ཐོག་མ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་རེད་ཅེས་སྨྲས་ན་ཐལ་དྲག་མེད་སྙམ། ཁོང་གིས་ཐབས་ལམ་འདི་དག་བཀོལ་བར་བརྟེན་ལོ་རྒྱུས་ཞིབ་འཇུག་ཐད་ནས་གཡུར་དུ་ཟའི་གྲུབ་འབྲས་བླངས་ཡོད་ལ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ནས་གལ་ཆེའི་གོ་ཐོབ་བཟུང་ཡོད། དེར་བརྟེན་ད་ལན་གུས་པས«གཏམ་རྒྱུད་གསེར་གྱི་ཐང་མ»བཀླགས་པའི་བརྒྱུད་རིམ་ཁྲོད་ནས་མངོན་པའི་ཁོང་གི་ཞིབ་འཇུག་གནང་སྟངས་ཀྱི་ཐབས་ལམ་ཁ་ཤས་ཟུར་དུ་ཕྱུངས་ནས་མདོར་ཙམ་གླེང་ཡོད། དེ་ཡང་བོད་ཀྱི་ཆོས་འབྱུང་ཁག་ལ་མཚོན་ན། ལོ་ཚིགས་ཤིག་གཙོར་བཟུང་གིས་བྲིས་པ་དཀོན་པོར་ཆགས་ཡོད། གཏམ་རྒྱུད་གསེར་ཐང་ལ་ཆ་བཞག་ན། ཐོག་མར་རྩོམ་སྐབས“དེ་ལ་རང་ལོ་སོ་གཉིས་སུ་སོན་པ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་ལ། ཁོ་བོ་རྒྱ་གར་དུ་བརྟོལ་ཅིང་། ལོ་དེ་ནི་སིངྒ་ལའི་གནས་བརྟན་སྡེ་པ་དག་གིས་བཞེད་པའི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་དོན་དྲུག་པ་ཡིན་འདུག་ལ། དེང་སང་བསྟན་པ་གསར་དུ་དར་བའི་རྒྱལ་ཁམས་གཞན་དུ་ཡང་ལོ་ཚིགས་འདི་ཉིད་ལ་ཆ་འཇོག་པར་སྣང་ཞིང་ལོ་རྒྱུས་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡང་འདུག་པས། འོག་ཏུ་རྒྱལ་རབས་སོགས་ཀྱི་སྐབས་གང་དུ་ཡང་སྟོན་པ་འདས་ནས་བགྲང་བའི་ལོ་རྣམས་ལ་འདི་ཉིད་བཟུང་བར་བྱའོ། །”[1]ཞེས་གསུངས་ཡོད་ལ། གསེར་ཐང་ནང་དུ་བྱུང་བའི་ཡུལ་གྲུ་ཁག་དང་གྲུབ་མཐའ་ཁག་གི་ལོ་རྒྱུས་འཆད་སྐབས་ལོ་ཚིགས་འདི་ཉིད་གཙོ་བོར་བཟུང་ནས་བཀོད་ཡོད། གཞན་ཡང་ཁོང་གི་གསུང་རྩོམ་རྒྱལ་རབས་དེབ་ཐེར་དཀར་པོ་སོགས་ཀྱང་ལོ་ཚིགས་གཙོར་བཟུང་གིས་གཏན་ལ་ཕབ་ཡོད། དེ་བས་བོད་ཀྱི་ལོ་རྒྱུས་ཐོག་གི་ལོ་ཚིགས་གཙོར་བཟུང་གིས་ལོ་རྒྱུས་རྩོམ་མཁན་ཐོག་མ་ནི་ཁོང་ཆགས་ཡོད་པ་བསྙོན་དུ་མེད་དོ། །
གཉིས་པ། བརྗོད་བྱ་དང་རྗོད་བྱེད་ཀྱི་སྒོ་ནས་བརྟག་པ།
དེ་ཡང་མདོ་སོགས་སྔ་རབས་ཀྱི་དཔེ་ཆ་ཁག་ལ་ཞིབ་འཇུག་བྱེད་ཐབས་གླེང་སྐབས་ཁོང་གིས“མདོ་སོགས་སྟོན་པ་འདས་ནས་བྱུང་བ་ཤ་སྟག་ཡིན་ལ། འདི་ནི་སྐད་གསར་རྙིང་དང་། བརྗོད་བྱ། དེར་བྱུང་བའི་གནས་དང་གང་ཟག་དང་ཡུལ་སྲོལ་ལ་སོགས་པ་མང་པོ་བསྡུར་ནས་བརྟག་བཟོད་པ་ཡིན་པས། རྒྱུ་མཚན་ཅི་ཡང་མེད་པར་རྫོགས་ལྡན་གྱི་དུས་སུ་བྱུང་ཟེར་བ་དང་ཡེ་མི་འདྲ་བར་ཤེས་པར་བྱའོ། །”[2]ཞེས་གསུངས་ཡོད། དེར་བརྟེན་ང་ཚོས་དཔེ་ཆ་གང་ཞིག་དུས་རབས་གང་དུ་བྱུང་བ་དང་། མཁས་པ་སུས་མཛད་པ། ཡུལ་གང་དུ་མཛད་པ་སོགས་ཤེས་དགོས་ན་དེ་ནི་དཔེ་ཆ་གང་དེའི་རྫོད་བྱེད་ཀྱི་བརྡ་ཐ་སྙད་དང་བརྗོད་བྱའི་ནང་དོན་ཁག་ལ་གཞིགས་དགོས་པ་གོར་མ་ཆག ཐབས་ལམ་འདིའི་སྒོ་ནས་བརྟགས་ན་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་གི་ངོ་བོ་དང་ཁྱད་ཆོས། བྱུང་བའི་དུས་སོགས་ཤེས་ཐུབ་པ་ཡིན་ལ། ད་གཟོད་གཞན་གྱི་རྗེས་སུ་འབྲང་རྐྱང་མི་དགོས་པར་རང་རང་གི་རྣམ་དཔྱོད་བཀོལ་ཏེ་དཔེ་ཆ་དེ་དག་ལ་དབྱེ་ཞིབ་ཐུབ་པ་ཡིན།
གསུམ་པ། ཡུལ་དངོས་རྟོག་ཞིབ་དང་ཡིག་ཚང་ཟུང་འབྲེལ་གྱིས་བརྟག་པ།
ལོ་རྒྱུས་ལ་རྟོག་ཞིབ་དང་རྒྱུས་ལོན་བྱེད་དུས་ཡིག་ཚང་ཁོ་ན་བསྟེན་རྒྱུ་མ་ཡིན་པར་ཡུལ་དངོས་རྟོག་ཞིབ་དང་ཟུང་དུ་འབྲེལ་དགོས་པ་ནི་གལ་ཆེན་པོ་ཆགས་ཡོད་པ་སྨྲ་མི་དགོས། དེ་ཡང་ཁོང་གིས“ལོ་རྒྱུས་ན་གསལ་བ་བཞིན་གྱི་གྲོང་དང་། ཕོ་བྲང་། དགོན་གནས། མཆོད་རྟེན་སོགས་ཀྱི་ཤུལ་དང་། ཞིག་རོ་དྲན་པ་གསོ་ནུས་པ་དངོས་སུ་བྱུང་བ་རྣམས་སྔོན་གྱི་ལོ་རྒྱུས་དང་ཇི་ཙམ་ནུས་པར་བསྡུར་ཏེ་བཀོད་པ་ཡིན་ལ། དེས་ན་སངས་རྒྱས་འཁྲུངས་པའི་སྔོན་དུ་བྱུང་བ་དག་ལ་ནི། དེ་ལྟ་བུའི་མཚན་མ་དང་། རྗེས་ཤུལ་གང་ཡང་རྙེད་མི་ནུས་པས་འཆད་པ་ན་ཡང་ལུང་ཙམ་ལ་བརྟེན་དགོས་ཤིང་། ལུང་དེ་དག་ཀྱང་ནང་ཕན་ཚུན་མཐུན་པ་མ་ཡིན་པས། འདི་བདེན་ནམ་དེ་མི་བདེན་ཅེས་དཔྱད་པ་ན་ཡང་། དཔལ་ཆོས་ཀྱི་གྲགས་པ་སློབ་མ་དང་བཅས་པ་རྣམས་ཀྱིས་ལན་གཅིག་མིན་པར་གསུངས་པ་བཞིན། ལུང་རྣམས་ནི་གཅིག་ལ་གཅིག་ངེས་པ་བསྐྱེད་པའི་གེགས་བྱེད་ནུས་ཀྱི་ཕན་གནོད་སྒྲུབ་ཏུ་ཁྱེར་དཀའ་བས་སོ། །”[3]ཞེས་ཡུལ་དངོས་ཀྱི་རྗེས་ཤུལ་སོགས་དང་བསྡུར་ཏེ་འགོད་པ་ལས་ལུང་ཁོ་ནར་བསྟེན་ན་མི་འགྲིག་པའི་ཚུལ་བསྟན་ཡོད། དེ་བཞིན་ཁོང་གིས་གཏམ་རྒྱུད་གསེར་ཐང་དུ་བཀོད་པའི་ཕྱི་ནང་གི་གྲུབ་མཐའ་ཁག་དང་རྒྱལ་རབས་ཁག་གི་ལོ་རྒྱུས་གླེང་སྐབས་ཡུལ་དངོས་རྟོག་ཞིབ་དང་འབྲེལ་ནས་བཀོད་ཡོད་པ་རེད།
བཞི་པ། གཤིབ་བསྡུར་རིག་པའི་ཐབས་ལམ་བཀོལ་བ།
གཏམ་རྒྱུད་གསེར་ཐང་ཀློག་དུས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་གནའ་དཔེ་ཁག་དང་ལེགས་སྦྱར་སྐད་ཐོག་ཏུ་ཡོད་པའི་རྒྱ་གར་གྱི་གནའ་དཔེ་སྣ་ཚོགས། དེ་བཞིན་རྒྱ་ནག་དང་ཏ་ཟིག་དང་གྷི་རིག་སོགས་ཀྱི་ཡིག་ཚང་ཁག་གཤིབ་བསྡུར་གནང་སྟེ་ལོ་རྒྱུས་ལ་ཞིབ་འཇུག་གནང་ཡོད། ཁོང་གིས“རྒྱལ་པོ་སོགས་ལ་དེའི་དུས་མཉམ་དུ་བྱུང་བའི་མཁས་པ་དག་འགའ་ཞིག་གིས་ལོ་རྒྱུས་བྲིས་པ་དུམ་བུ་རེ་ཙམ་རྙེད་པ་དང་། རྒྱལ་པོ་རང་རང་གི་རྡོ་རིང་ཡི་གེ་ཅན་དང་། ཟངས་ཀྱི་གླེགས་བུ་སོགས་ད་ལྟའི་བར་ལུས་པ་འགའ་ལ་རྒྱལ་པོའི་ལོ་རྒྱུས་འགངས་ཆེན་རིགས་དང་། ཁྲིམས་ལུགས་སོགས་བྲིས་པ་དང་། དེ་བཞིན་རྒྱལ་ཐོག་སོ་སོའི་ཀརྴཔན་རེ་གཉིས་རྙེད་པ་ལས་ལོ་ཚིགས་གསལ་བར་ངོ་འཕྲོད་པ་དང་། དེ་དུས་ཙ་ན་རྒྱལ་ཁབ་གཞན་གྱི་ཕོ་ཉ་སླེབས་པ་དག་གིས་རྒྱ་གར་ཡུལ་དུ་གང་མཐོང་བྲིས་པ། ཡུལ་སོ་སོའི་སྐད་ལས་བསྒྱུར་པ་ཕན་ཚུན་བསྡུར་བཟོད་པ།”[4]ཞེས་ཁོང་གིས་གསེར་ཐང་རྩོམ་སྐབས་ཞིབ་འཇུག་གི་རྒྱུ་ཆ་ཕན་ཚུན་གཤིབ་བསྡུར་གང་འདྲ་གནང་ཡོད་པ་ཞིབ་ཏུ་གསུངས་ཡོད།
ལྔ་པ། བསྟན་བཅོས་ཀྱི་རྒྱུ་ཆ་ལ་གཞིགས་ཏེ་བརྟག་པ།
ང་ཚོས་ཡིག་ཆ་ཞིག་ལ་དཔྱད་ཞིབ་བྱེད་དུས་དེའི་ཚིག་དོན་གཉིས་ཀྱི་སྒོ་ནས་བརྟག་ཆོག་པ་ཕུད། གཞན་ཡང་ཡིག་ཆ་དེའི་རྒྱུ་ཆ་དང་རྣམ་པ་བརྟེན་ནས་བརྟག་ཆོག་སྟེ། དཔེར་ན། ཁོང་གིས་གཏམ་རྒྱུད་གསེར་ཐང་ལས“རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་བྲི་བར་འདུག་སྟེ་ཀློག་བདེ་བར་མི་སྣང་མོད། ཡི་གེ་ནམ་ཡང་ཆུད་མི་ཟ། སིངྒ་ལར་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡིན་འདུག གཞན་ཡུལ་དབུས་དང་བལ་ཡུལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང་། སྤྱིར་དཔེ་ལྡེབ་མ་རིང་པོ་བྲི་བའི་སྲོལ་འདི་དང་པོ་ཏ་ལའི་ལོ་མར་བྲིས་པ་ལ་བརྟེན་ཏེ་རྒྱ་གར་དང་བོད་ཡུལ་སོགས་ལ་དར་བར་འདུག་ཅིང་། རྒྱ་གར་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར། གཞན་སྔོན་རང་རེ་རྣམས་ཀྱི་ཁྲིམས་ཡིག་སོགས་ཤོག་དྲིལ་ལ་ཡོད་དམ་སྙམ་ཞིང་། དེབ་བྱེད་པའི་སྲོལ་ནི་དང་པོ་རྒྱ་ནག་དང་། དེ་ནས་ཏ་ཟིག་སོགས་སུ་གནའ་དུས་ཤིག་ནས་དར་བར་ཡིན་མོད། རང་རེ་ལ་སྲོལ་ཡེ་མ་བྱུང་། དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ། །ཤོག་བུ་འདི་ཧན་གྱི་རྒྱལ་པོའི་དུས་སུ་བློན་པོ་ཚའི་ཡུན(蔡云)བྱ་བས་གསར་དུ་བྱས་ནས་ད་བར་ལོ་སྟོང་དང་བརྒྱད་བརྒྱ་ཙམ་ལས་མ་སོང་ཞིང་། རང་རེའི་ཡུལ་དུ་དེ་ལས་འཕྱི་བ་དང་རྒྱ་གར་དུ་དེ་བས་ཀྱང་འཕྱིས་པས་འདི་ཤེས་ན་བསྟན་བཅོས་དང་ལོ་རྒྱུས་མང་པོ་ཞིག་གི་གསར་རྙིང་འཁྲུལ་མེད་དུ་མཇལ་ནུས།”[5]ཞེས་ཁོང་གིས་བསྟན་བཅོས་ཁག་གི་རྒྱུ་ཆ་དང་བཟོ་ལྟ། དེ་དག་གི་བྱུང་ཁུངས་ལོ་རྒྱུས་གླེང་བ་དང་། འདི་དག་ཤེས་ན་ད་གཟོད་ཡིག་ཆ་གང་དེའི་ལོ་རྒྱུས་འཁྲུལ་མེད་དུ་ངེས་ཐུབ་པ་བསྟན་ཡོད།
དྲུག་པ། རྡོ་རིང་དང་ཡིག་རྙིང་ལ་ཁུངས་བཅོལ་བ།
བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྡོ་རིང་ཡི་གེ་ངོས་བཤུས་དང་དཔྱད་གཞི་གནང་མཁན་བྱུང་ཡོད་ནའང་། དེ་དག་གཙིགས་སུ་འཛིན་ནས་ལོ་རྒྱུས་སྨྲ་མཁན་མང་པོ་བྱུང་མེད་ཅེས་སྨྲས་ཆོག དེ་ཡང་བོད་ཀྱི་ལོ་རྒྱུས་གླེང་མཁན་དག་གིས་གཙོ་བོ་རང་རང་གི་གྲུབ་མཐའ་དང་བླ་མ་གང་ཞིག་གི་རིང་ལུགས་གཙོ་བོར་བཟུང་སྟེ་ལོ་རྒྱུས་འཆད་སྲིད་པ་ལས། དེ་དག་ཕལ་པར་འཇོག་སྟེ་རྡོ་རིང་དང་ཡིག་ཆ་རྙིང་པ་གཙོ་བཟུང་བྱེད་པའི་ལམ་ལུགས་དར་མེད། དགེ་འདུན་ཆོས་འཕེལ་ལགས་ནི་རྡོ་རིང་ཡི་གེ་དང་ཡིག་རྙིང་ཁག་གི་རིན་ཐང་གསལ་བར་མཁྱེན་ཏེ། དེ་དག་ཧ་ཅང་གཙིགས་ཆེན་བཟུང་ནས་ལོ་རྒྱུས་སྨྲ་བར་འབད་མཁན་ཞིག་རེད། དེའི་དབང་གིས་ཁོང་གིས་བོད་ཁུལ་གྱི་རྡོ་རིང་ཡི་གེ་མང་པོ་ཞིག་ངོས་བཤུས་གནང་བར་འབད་ཡོད་ལ། རྭ་ཧུ་ལ་དང་མཉམ་དུ་ཡིག་ཆ་འཚོལ་ཞིབ་བྱེད་དུ་ཕེབས་དུས་ཀྱང་ཡིག་རྙིང་ཁག་ཏུ་འཁོད་པའི་ལོ་རྒྱུས་རྒྱུ་ཆ་གལ་གནད་ཅན་དག་ཕབ་བཤུས་གནང་ཡོད། དེ་བཞིན་རྒྱ་གར་སོགས་སུ་འཁྱམས་དུས་ཏུན་ཧོང་གཏེར་ཡིག་དང་ཐང་ཡིག་སོགས་མཇལ་ཞིང་། དེའི་གལ་ཆེན་རང་བཞིན་རྟོགས་ཏེ་ཕབ་བཤུས་དང་དཔྱད་གཞི་གནང་སྟེ། རྒྱལ་རབས་དེབ་ཐེར་དཀར་པོ་སོགས་བརྩམས་གནང་ཡོད། གཏམ་རྒྱུད་གསེར་ཐང་དུའང་རྒྱལ་ལྷ་ཁང་གི་བྱམས་ཆེན་སྐུ་རྒྱབ་ཏུ་མཆིས་པའི་ཡི་གེ་དང་། རྒྱ་དཔེ་དག་གི་འགོ་མཇུག་ཏུ་སྦྱར་བའི་གནད་ཚིག་འགངས་ཆེན་དག་ཕབ་བཤུས་གནང་ཡོད་ལ། རྒྱལ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཡི་གེ་སོགས་དཀའ་ཚེགས་ཆེན་པོས་ཕབ་བཤུས་གནང་སྟེ་བཀོད་ཡོད།
བདུན་པ། སྙིགས་དོར་བཅུད་ལེན་གྱི་བརྟག་ཐབས།
ཁོང་ནི་དཀྱེལ་ཡངས་ཀྱི་བློ་སྟོབས་ཆེན་པོས་ཕྱོགས་མེད་དུ་གཟིགས་རྒྱ་བསྐྱེད་མཁན་ཞིག་ཡིན་ཏེ། ཁོང་གིས་ཕྱི་ནང་གི་བསྟན་བཅོས་སོགས་ཡིག་ཆ་སྣ་ཚོགས་དང་། མི་རིགས་དང་རྒྱལ་རབས་འདྲ་མིན་གྱི་ལོ་རྒྱུས་ཡིག་ཆ་དང་ཡུལ་སྐོར་ལམ་ཡིག་སོགས་ལ་གཟིགས་ཞིབ་གནང་བ་ཡིན་ལ། བོན་དང་རྙིང་མ། བཀའ་བརྒྱུད་སོགས་བོད་ཀྱི་གྲུབ་མཐའ་འདྲ་མིན་གྱི་ཡིག་ཆ་བཅས་ལ་ཐུགས་སྣང་མཛད་ཡོད། ལྷག་ཏུ་རྙིང་མའི«བཀའ་ཐང་སྡེ་ལྔ»ལ་དམིགས་བསལ་གདེང་འཇོག་གནང་ཡོད་དེ། “སྤྱིར་ཐང་ཡིག་སྡེ་ལྔར་སྡེ་པ་སྣེའུ་གདོང་པ་སོགས་ཀྱི་ལོ་རྒྱུས་བྱུང་བས། གཏེར་ནས་རྫོགས་པར་བཏོན་པའི་མཇུག་གྲུབ་པ་ནི་ཤིན་ཏུ་འཕྱི་མོད། དཔེ་བྱིངས་དེ་གནའ་དུས་ཤིག་གི་ཡིན་པར་ཐེ་ཚོམ་མེད་དོ། །”[6]ཞེས་གསུངས་པ་ལྟ་བུ་རེད། དེ་ཡང་ཁོང་གིས་ཡིག་ཆ་དེ་དག་ལ་རང་གི་རྣམ་དཔྱོད་བཀོལ་ཏེ་སྙིགས་དོར་བཅུད་ལེན་དགོས་པ་གསུངས་ཡོད་དེ། “ཐ་ན་གཏམ་རྒྱུད་དེ་དག་ལས་ཀྱང་བརྗོད་བྱ་རྒྱལ་པོ་ལ་སོགས་པ་དེ་དག་ཇི་ལྟར་ཡིན་མི་ཤེས་སུ་ཆུག་ཀྱང་། རྩོམ་མཁན་ཁོང་རང་གི་དུས་ཀྱི་རྒྱལ་བོ་སོགས་རྣམ་པ་ཇི་ལྟར་ཡོད་པ་དང་། ཞར་དང་ཞོར་ལ་ཤེས་པར་ནུས་པས་ལོ་རྒྱུས་དངོས་ལ་ཡང་ཕན་ཚབས་ཆེ་སྟེ། དཔེར་ན། རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ན་གེ་སར་འདི་འདྲ་ཞིག་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་། ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་། བཟའ་བཏུང་འདི་འདྲ་རེད། བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས་པ་ཡིན་ནོ། །དེའི་ཕྱིར་ཤེས་རབ་ཡོད་ན་ཕྱོགས་གང་ཐད་ནས་ཀྱང་གནད་ཆེན་པོ་རེ་རྙེད་ནུས་པས། ཧྲིལ་གྱིས་འདོར་བ་དང་། ཧྲིལ་ལེན་པ་འདི་གཉིས་ཀ་ཡང་རྣམ་དཔྱོད་ཀྱི་ལམ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །”[7]ཞེས་གསུངས་པ་ལྟར་རོ།།
བརྒྱད་པ། གནའ་བོའི་རྒྱན་གོས་དང་སྐད་བརྡ་སོགས་ལ་བརྟག་ཐབས།
ཁོང་གི་བོད་ཀྱི་གནའ་བོའི་རྒྱན་གོས་དང་སྐད་ཡིག་སོགས་ལ་དཔྱད་ཞིབ་གནང་སྐབས་འདི་ལྟར་གསུངས་ཡོད་དེ། “ལུང་ཁུག་འགོལ་པོ་ན་ཡོད་པའི་མི་ཡུལ་གཞན་པའི་རིགས་ཀྱི་ཤན་མ་ཞུགས་པ་དེ་དག་ལ་ལྟོས་ནས་སྔོན་གྱི་ཚུལ་མང་པོ་དཔག་ནུས་པ་ཡིན་ཏེ། དཔེར་ན། དབུས་གཙང་ཕྱོགས་ནི་ཡུལ་གྲུ་ཆེ་བས་སྤྱོད་ལམ་དང་སྐད་ལུགས་ཆས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། སྐད་ཀྱང་ཨ་མདོ་དང་མི་འདྲ། ཆས་ཀྱང་མི་འདྲ་ཡང་། སྟོད་མངའ་རིས་དང་རྒྱ་གར་གྱི་མཚམས་མཐའ་ན་གནས་པའི་ཡུལ་ཆུང་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་དཔྱངས་ཏེ་དེར་གཡུ་སོགས་བསྒྲིག་པ་ཨ་མདོ་དང་འདྲ། ཐ་ན་གླུ་ལེན་སྟངས་སོགས་ཀྱང་དབུས་པའི་གཞས་ལྟ་བུ་མ་ཡིན་པར། ཁམས་དང་ཨ་མདོ་བཞིན་གདངས་རིང་པོ་འཐེན་ཏེ་ལེན། གླུ་ཁོ་རང་ཡང་། དཔེ་ཚན་པ་གཉིས་ལ་ཚིག་བཅད་སྐོར་གཉིས། དེ་ནས་དོན་ཚན་པ་གཅིག་ལ་ཚིག་བཅད་སྐོར་གཅིག་སྟེ། ཁམས་དང་ཨ་མདོའི་གླུ་རྩོམ་སྟངས་དེ་འདྲ་རེད། དབུས་གཙང་དུ་དེང་སང་གླུ་གཞས་རྣམས་ཚིག་རྐང་བཞི་ཙམ་རེའི་ནང་དུ་བསྡུས་པ་ཤ་སྟག་ཡིན།”[8]ཞེས་ཡུལ་བས་མཐའ་དང་འགོལ་པོ་དག་གི་ཆ་ལུགས་དང་སྐད་བརྡ་སོགས་ལ་བརྟེན་ནས་གནའ་བོའི་རྒྱན་གོས་དང་སྐད་བརྡ་སོགས་དཔོག་ཐུབ་པ་གསུངས་ཡོད། འདི་ནི་ཧྥ་རན་སེའི་སྐད་བརྡ་རིག་པ་བ་གྲགས་ཅན་མེལ་ཡེ(Antoine Meillet1866-1936)ལགས་ཀྱིས“སྐད་རིགས་གཅིག་ལས་གྱེས་པའི་སྐད་ཆ་དག་གདོད་མའི་ཕ་སྐད་ཀྱི་སྐད་ཁུངས་ཀྱི་ལྟེ་བ་དང་ཐག་ཇི་ལྟར་རིང་ན། དེར་སྐད་ཁུངས་ཀྱི་ལྟེ་བའི་འགྱུར་ལྡོག་གི་ཤུགས་རྐྱེན་དེ་ལྟར་ཆུང་བས་སྐད་ཆ་དེ་རིགས་ཀྱི་ཁྲོད་ནས་ཁུངས་གཅིག་པའི་སྐད་ཆ་ཁག་ལས་ཆེས་རྙིང་བའི་སྐད་ཆའི་ཁྱད་ཆོས་རྙེད་ཐུབ།”ཅེས་གསུངས་པ་དང་ཡོངས་སུ་མཐུན་ཡོད། གཞན་ཡང་ཁོང་གི་བོད་ཁུལ་གྱི་ཡུལ་ལྷ་དག་གི་རྒྱན་གོས་ལ་གཞིགས་ནས་སྔ་མོའི་རྒྱལ་པོ་སོགས་ཀྱི་རྒྱན་གོས་དང་ཆ་ལུགས་བརྟག་ཐུབ་པའི་སྐོར་སོགས་གསུངས་ཡོད།
དགུ་པ། ལོ་རྒྱུས་དཀྱུས་མ་དང་གཏམ་རྒྱུད་ཁ་ཁར་འབྱེད་པ།
གཏམ་རྒྱུད་གསེར་ཐང་ཀློག་དུས་ཁོང་གིས་ལོ་རྒྱུས་དཀྱུས་མའི་སྐོར་ཐེངས་ཁ་ཤས་གསུངས་ཡོད། དེ་ཡང“དེ་ལ་འཛམ་བུའི་གླིང་དུ་མི་རིགས་དང་པོར་མཆེད་ཚུལ་སོགས་ལ་ཕྱི་ནང་སོ་སོའི་གཞུང་ནས་བཤད་པ་དག་ནི་ཡོངས་སུ་གྲགས་པས་འདིར་མ་སྤྲོས་ལ། དེ་དག་ནི་རང་རང་སོ་སོའི་ལུང་གི་རྗེས་སུ་འབྲང་བ་དག་གིས་ལྷག་པར་དད་པས་ཁས་བླངས་ཏེ་འཇུག་པར་བྱ་བ་ཉིད་ཡིན་གྱི་དག་མི་དག་དཔྱོད་པ་ན་ཡང་རང་ཚིག་སྔ་ཕྱི་འགལ་བ་ཡོད་མེད་བལྟ་བ་ཙམ་ལས། དུས་ཚོད་བསྒྲིགས་པ་དང་། ལོ་རྒྱུས་གཞན་དང་བསྡུར་ཏེ་བརྟག་དཔྱད་ཀྱིས་རྒྱལ་རབས་དཀྱུས་མ་ལྟ་བུར་དག་ཐེར་བྱེད་པའི་རྩ་བ་ཡང་རྙེད་པ་མ་ཡིན་ནོ། །”[9]ཞེས་དང་། “དེའི་ཕྱིར་བདེན་རྫུན་ཇི་ལྟར་བས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་། བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ། །”[10]ཞེས་དང་། “རང་རེ་རྣམས་ཀྱིས་བར་སྐབས་དངོས་མ་རྣམས་རྩིས་མདངས་ཅི་ཡང་མེད་པར་རྒྱལ་པོའི་དབུ་ལྷག་མ་བཅུ་ལེབ་རྒན་གྱིས་དཀྲིས་ཡོད་པ་སོགས་ངོ་མཚར་འབའ་ཞིག་རྩལ་དུ་བཏོན་ནས་བཤད་པས། འདི་ལ་སོགས་པའི་བྱུང་བ་དངོས་མ་རྣམས་ད་ལྟ་གར་ཡང་རྙེད་མི་ནུས་པ་ཡིན།”[11]ཞེས་སོགས་གསུངས་པར་གཞིགས་ན། ཁོང་གིས་ལོ་རྒྱུས་དཀྱུས་མ་དང་གཏམ་རྒྱུད་བསྲེ་མི་རུང་བའི་སྐོར་གསུངས་ཡོད་ལ། ལོ་རྒྱུས་དང་རྒྱལ་རབས་དཀྱུས་མ་ཟུར་དུ་ཕྱུངས་དགོས་པའི་སྐོར་གསུངས་ཡོད། དེར་བརྟེན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ལོ་རྒྱུས་དང་གཏམ་རྒྱུད་ཁ་ཁར་ཕྱེས་ཏེ་གླེང་མཁན་དང་། ཁེར་གཙང་གི་ལོ་རྒྱུས་དེབ་ཐེར་གྱི་གལ་ཆེན་རང་བཞིན་རྟོགས་མཁན་ཐོག་མ་ཡིན་པ་གོར་མ་ཆག་ལ། འདི་དག་ལ་བལྟས་ན་ཁོང་གིས་ཕྱིས་སུ«རྒྱལ་རབས་དེབ་ཐེར་དཀར་པོ»རྩོམ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་མཐོང་ཐུབ། ད་ལྟ་ད་དུང་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་རུ་ཁས་འཆེས་པ་དག་གིས་སོ་སོའི་ཞེན་ཁོག་ཙམ་དང་ཁེ་ཕན་ཉི་ཚེ་བ་རེའི་ཆེད་དུ་ལུང་ཚིག་ཐོ་རེ་ལོང་ངེ་བ་ཙམ་ལ་བརྟེན་ཏེ་གཏམ་རྒྱུད་དང་ལོ་རྒྱུས་བསྲེས་ནས་ཡ་ང་བག་ཚ་མེད་པར་གང་འདོད་དུ་འཆད་བཞིན་པར་བསམ་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་མི་གཞིའི་མཛེས་པ་དང་བསམ་བློའི་སྙིང་སྟོབས་དག་ལ་ཡིད་སྨོན་མི་འཆོར་མི་སྲིད་དོ། །
བཅུ་པ། གཟུ་བོར་གནས་པའི་སྒོ་ནས་དཔྱད་ཞིབ་གནང་བ།
ང་ཚོས་དམ་པ་ཁོང་གི་གསུང་ལ་མཇལ་དུས་ཁོང་གི་བདེན་པ་དང་གནས་ལུགས་གཙུག་ཏུ་བཀུར་བའི་ལྟ་སྤྱོད་དེ་དང་། ཇི་སྐད་དུ། བདེན་ཅིང་དོན་དང་མཐུན་ན་བྱིས་པའི་ངག་ཀྱང་ཉོན། མི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག་གསུངས་པ་བཞིན་གྲུབ་མཐའ་རང་ལུགས་གཞན་ལུགས་ཀྱི་རྣམ་གཞག་མེད་པར་ཡོད་ཚད་རིགས་པའི་སྲང་ལ་གཞལ་བའི་ཐུགས་གཤིས་དེས་ཡིད་དབང་ལྷག་ཏུ་འཕྲོག་པར་བྱེད། ཁོང་གིས་གཏམ་རྒྱུད་གསེར་ཐང་དུ“བོད་མི་རྣམས་ཀྱི་མདུན་དུ་དཀའ་བ་ཞིག་སླ་བར་བཏང་སྟེ་བཤད་ན་མཁས་པའི་གཟི་བརྗིད་འཆོར་ཞིང་། རང་གིས་ལྕོགས་ཚད་ཀྱི་རྫུན་ངོ་མཚར་ཅན་སྨྲས་ནས། དེ་དང་ད་དུང་ཕར་ལ་ཕུགས་ཁུང་ནག་ཟིང་ངེ་བ་མི་གཞན་གྱི་རྫུན་ཀྱང་འགྲོ་ས་ཡོད་པ་ཞིག་ཀྱང་བྱས་ན་མཁས་པའི་ཆོ་ལོ་སྟེར་བ་ཡིན་མོད། ད་ལམ་མཁས་པ་བྱེད་པ་ཡང་གློ་བ་དགའ་སྟེ། དེ་ལས་ཀྱང་གཟུ་བོ་ཞིག་བྱེད་འདོད་པ་ཡིན།”[12]ཞེས་ཁོང་ནི་གཟུ་བོ་ཞིག་གནང་རྒྱུ་དམ་བཅས་པ་བཞིན་ལོ་རྒྱུས་ཀྱི་གནད་གང་ཞིག་ལ་དཔྱད་ནའང་ཆབ་སྲིད་དང་ཆོས་ལུགས་སོགས་མི་སྒེར་གྱི་ཆགས་སྡང་དབང་དུ་མི་འཆོར་བར་རང་གི་རིག་པའི་བརྟག་ཐབས་ལ་གཞལ་ནས་དཔྱད་འབྲས་བཀོད་གནང་ཡོད། སྤྱིར་ན་ལོ་རྒྱུས་སྨྲ་མཁན་ནམ་ཞིབ་འཇུག་པ་ཞིག་ཡིན་ན་བློ་གཟུ་བོར་གནས་དགོས་པ་ནི་ཆེས་རྩ་བའི་བླངས་བྱ་ལྟ་བུར་གྱུར་ཡོད། གཞན་ཡང་ཁོང་གིས་གཟུ་གནས་ཀྱི་སྒོ་ནས་གནའ་དེང་གི་ལོ་རྒྱུས་དང་གཞུང་ལུགས་སྨྲ་བ་དག་གི་བཞེད་པ་འཐད་ལྡན་མིན་པ་དག་ལ་ལུང་རིགས་རྣམ་དག་གི་སྒོ་ནས་དགག་རྒྱག་དང་སུན་འབྱིན་གནང་ཡོད་པ་རེད། དེར་བརྟེན། ཁོང་ནི་ངེས་པ་དོན་གྱི་ཕོད་པ་གསུམ་དང་ལྡན་པའི་རིགས་པ་སྨྲ་བའི་སེང་ཆེན་དེ་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
[1][2][3][4][5][7][9][10][11] «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།» པོད་གཉིས་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་། ཉིས་སྟོང་གསུམ་ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས། ཤ༤ ཤ༡༤༤ ཤ ༡༥༣ ཤ ༡༥༣ ཤ༢༠༠ ཤ༡༤༨ ཤ ༡༤༩ ཤ ༡༥༥ ཤ༢༨༣ ཤ ༡༨༣
[6][8][12] «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།» པོད་གསུམ་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་། ཉིས་སྟོང་གསུམ་ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས། ཤ ༡༠༢ ཤ ༩༦ ཤ ༡༨༣

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།