ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > མཚོ་སྔོན་རྨ་སྟོད་རྫོང་མཚོ་སྐྱ་རེངས་འགྲམ་དུ་ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ཡི་གེ་རྙེད།
མཚོ་སྔོན་རྨ་སྟོད་རྫོང་མཚོ་སྐྱ་རེངས་འགྲམ་དུ་ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ཡི་གེ་རྙེད།
རྩོམ་པ་པོ།:
ཡོང་ཁུངས།:མགོ་ལོག་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-06-13 09:20:47
ཀློག་གྲངས།:
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་ལས་དོན་སྒྲུབ་མཁན་གྱིས་ཉེ་ལམ་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱེ་རེངས་བྱང་འགྲམ་དུ་ཆིན་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་ཡིག་འབྲུ་སོ་བདུན་གསར་དུ་རྙེད། ཡིག་འབྲུའི་ནང་དོན་ནི་གོང་མ་ཆིན་ཧྲི་ཧོང་གིས་ཁུ་ནུ་རི་བོར་ཕོ་ཉ་མངགས་ཏེ་འཆི་མེད་རྒས་མེད་ཀྱི་སྨན་ལྡུམ་བཙལ་བའི་སྐོར་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྡོ་བརྐོས་དེ་ནི་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་རྗེས་སྔར་གནས་སུ་ལྷག་ཡོད་པའི་རྡོ་བརྐོས་གཅིག་པུ་ཡིན་ལ། སྔར་གནས་སུ་ཉར་ཚགས་བྱས་པ་འཐུས་ཚང་ཡིན་པའི་རྡོ་བརྐོས་དང་། མདོ་དབུས་མཐོ་སྒང་དུ་གསར་རྙེད་བྱུང་བའི་རྐོ་བརྐོས་ཡི་གེའི་ལོ་རྒྱུས་ཆེས་རིང་བ་དེ་ཡིན་པས་དོན་སྙིང་གལ་ཆེན་ལྡན།

རྡོ་བརྐོས་ཡི་གེ་དེའི་ཡིག་གཟུགས་ནི་ཆིན་རྒྱལ་རབས་སྐབས་ཀྱི་སྐོར་བྲིས་ཆུང་བ་ཡིན་ལ། ནང་དོན་ཕལ་ཆེར་ནི། གོང་མ་ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར། གོང་མས་མི་སྐོར་ཞིག་མངགས་ཏེ་ཁུ་ནུ་རི་བོར་འཆི་མེད་རྒས་མེད་ཀྱི་སྨན་ལྡུམ་བཙལ་བའི་སྐོར་དང་། ཁོ་ཚོ་ལོ་དེའི་ཟླ་གསུམ་པར་ས་འདིར་ཐོན་པའི་གནས་ཚུལ་བཀོད་ཡོད། རྡོ་བརྐོས་དེ་ནི་མཚོ་སྐྱེ་རེངས་བྱང་རྒྱུད་ཀྱི་རི་རྐེད་ན་ཡོད་པའི་བྲག་ངོས་སུ་བརྐོས་ཡོད་ལ། རྡོ་བརྐོས་སྤྱིའི་རིང་ཚད་ལ་ལི་སྨི82དང་ཞེང་ལ་ལི་སྨི30ཡོད། བྲག་ངོས་ཀྱི་གོང་ཕྱོགས་ལ་ཞིག་རལ་བྱུང་ཡོད་པ་དང་དཀྱིལ་ངོས་སུའང་གས་སྲུབས་ཆེན་པོ་ཡོད་པ་སོགས་བྲག་ངོས་ལ་རང་བྱུང་གནོད་སྐྱོན་ཚབས་ཆེན་ཐེབས་འདུག

རྡོ་བརྐོས་ཀྱི་ནང་དོན་དང་ས་གནས་ཀྱིས་མི་ལོ་སྟོང་ཕྲག་དུ་མའི་རིང་གི་ཁུ་ནུ་རི་བོ་དང་རྨ་ཆུའི་མགོ་ཁུངས་སྐོར་གྱི་རྩོད་གཞི་ཐག་གཅོད་བྱས་ཡོད་ལ། ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་རྗེས་ཁུ་ནུ་རི་བོར་འཆི་མེད་རྒས་མེད་ཀྱི་སྨན་ལྡུམ་བཙལ་བར་མངགས་པའི་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་བྱས་ཡོད་པར་མ་ཟད། སའེ་ཐང་རྒྱལ་རབས་སྐབས་ཀྱི་ཐང་བོད་གནའ་ལམ་དེ་ཆིན་རྒྱལ་རབས་སྐབས་ནས་གོ་རིམ་གལ་ཆེན་ཞིག་ཏུ་ཐོན་ཡོད་པ་མཚོན་ལ། ནང་ལོགས་གོང་མའི་ཕོ་ཉའི་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་ས་བབ་མཐོ་སར་ཉེན་ཁ་བརྒལ་བའི་ཚོད་ལྟ་ཐེངས་ཤིག་ལེགས་འགྲུབ་བྱུང་བའང་མཚོན་ཡོད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།