ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།
མཚོ་ལྷོ་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་ནུབ་ཁུལ་དུ་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2024-11-28 08:35:36
ཀློག་གྲངས།:
ཉེ་སྔོན། རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་ནུབ་ཁུལ་དུ་རྟོག་ཞིབ་ཏུ་ཕྱིན་ནས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ས་ཁོངས་བར་གྱི་མཉམ་འབྲེལ་བྱེད་པའི་བྱ་བར་གྲོས་མོལ་བྱས་ནས་ས་ཁུལ་གཉིས་ཀྱིས་སྔར་ལས་མཉམ་འབྲེལ་ནན་མོ་དང་། ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ལ་གྲོས་བསྡུར་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གསུང་བཤད་གནང་བ་དང་། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་རེད། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་ཆའོ་ཡཱ་ཆོན་གཉིས་ཀྱིས་ས་གནས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།
ལིས་ཀང་གིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པ་དང་། ཁོས་མཚོ་ནུབ་ཁུལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ཡི་ཁྲོད་སྔོན་དུ་བསྐྱོད་ཡོད་ལ། རང་ཞིང་གི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དྲུག་གི་ཁྲོད་རུ་སྣེ་ཁྲིད་མཁན་དུ་གྱུར་ཡོད་པ་རེད། མཚོ་ལྷོ་ཁུལ་གྱིས་མཚོ་ནུབ་ལ་སློབ་སྦྱོང་བྱས་ཏེ་ཉམས་མྱོང་བསྡུ་ལེན་བྱ་རྒྱུ་ནི་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་སྤྱོད་སྟངས་དངོས་ཡིན་ལ། ཁུལ་གཉིས་ཀྱིས་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་ཤུགས་ཆེར་གཏོང་བ་དང་མཉམ་དུ་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་དོན་དངོས་སྒྲུབ་པའི་བྱེད་ཐབས་ཤིག་རེད། ཁུལ་གཉིས་ཀྱི་བར་རི་ཆུས་སྦྲེལ་ཡོད་ལ་མི་དང་མིའི་བར་འབྲེལ་བ་ཟབ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་ལས་འགན་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ཡོད། ཁུལ་གཉིས་ཀྱིས་ནུས་ཁུངས་གཙང་མའི་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་དམིགས་ནས་ལྗང་གློག་དང་ལྗང་རྩིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཁུངས་གཙང་མའི་ཕྱི་སྐྱེལ་བགྲོད་ལམ་དང་། ཚོང་འགུགས་དངུལ་འདྲེན། སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་ཐད་མཉམ་འབྲེལ་བྱས་ནས་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ལ།ནང་སྙིང་གཅིག་དང་ལྷུ་ཚིགས་གཅིག་གིས་སྣེ་མང་འབྲེལ་བའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་འབད་དེ། ཐུན་མོང་ཐོག་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས་ས་ཁོངས་བརྒལ་བའི་ཡུལ་སྐོར་ལམ་ཐིག་དར་སྤེལ་དང་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ལས་སྟེགས་མཉམ་སྤྱོད་བྱས་ཏེ་ཞིང་ཆེན་ཡོངས་སུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཁྲོད་འགན་འཁུར་ཕོད་པའི་བྱ་སྤྱོད་མངོན་པར་བྱེད་པ།
གཞི་ཁྱོན་ཆེར་གཏོང་བ་དང་ཁྱད་ཆོས་ལྡན་པ། སྤུས་རྟགས་སུ་འགྱུར་བར་དམིགས་ནས། མཉམ་དུ་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་པ་དང་། རྩྭ་ལས་དེང་རབས་ཅན་དུ་འགྱུར་བའི་ལམ་བུ་འཚོལ་ཞིབ་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱིི་ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་སུ་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན། ཀྲུའུ་ཞང་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུངགི་ཚབ་བྱས་ནས་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་ནུབ་དུ་ཡོང་བར་དགའ་བསུ་ཞུས་པ་དང་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ཁུལ་འཛུགས་པ་དང་ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བ། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་འཚོལ་ཞིབ་བྱས་ཏེ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐོག་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས། གཞི་གྲངས་ཆེན་མོའི་རུབ་རྩིས་ཐོན་ལས་གཅིག་སྡུད་ཁུལ་བཅས་མགྱོགས་མྱུར་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཡོད།
མཚོ་ལྷོ་དང་མཚོ་ནུབ་བར་རི་ཆུ་དང་འགྲིམ་འགྲུལ་གཅིག་ཏུ་སྦྲེལ་ཡོད་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཅིག་མཐུན་དང་དཔལ་འབྱོར་མཉམ་འདྲེས་བཅས་ཡིན། ཕན་ཚུན་བལྟ་རོགས་རེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་ཁེ་ཕན་མཉམ་རྒྱལ་གྱི་སྤུན་ཟླ་བཟང་པོ་ཡིན་པས། མཉམ་དུ་རྒྱལ་ཁབ་ཀྱིི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ། ནུས་ཁུངས་གཙང་མའི་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་མཉམ་དུ་འཁུར་བཞིན་ཡོད། ས་གནས་གཉིས་ཀྱིས་བསམ་བློ་སྔར་ལས་གཏིང་ཟབ་ཏུ་བརྗེ་རེས་བྱས་ནས་ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིངས་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད། ལས་བྱེད་པའི་བསམ་བློ་བརྗེ་རེས་དང་སྦྱོང་བརྡར།ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ནས། དཔལ་འབྱོར་དང་སྐྱེ་ཁམས། དམངས་ཚིས་བཅས་ཀྱི་ཁྱབ་ཁོངས་མཉམ་དུ་ལེགས་བསྒྱུར་དར་སྤེལ་གཏོང་བར་འབད་དེ་ས་ཁུལ་རྒྱུན་མཐུད་ངང་ཞི་བདེ་བརྟན་བརླིང་དང་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱ་དགོས་པའི་རེ་བ་ནན་གྱིས་བཏོན། ཚོགས་འདུའི་སྐབས། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་ཀྲུང་ཀོང་ཉིང་རྡུལ་ཉི་ནུས་གཏེར་ལེན་ཁ་ཚད་ཡོད་ཀུང་ཟི་དང་། ཧྭ་གློག་གཏེར་ལེན་ཁ་ཉི་ནུས་གློག་འདོན་ཚད་ཡོད་ཀུང་ཟི། པེ་ཅིན་ཐུང་རེན་ཐང་བདེ་ཐང་སྨན་ལས(མཚོ་སྔོན)ཚད་ཡོད་ཀུང་ཟི། མཚོ་སྔོན་པིན་ཧྲིན་རྩྭ་ལས་ཚད་ཡོད་ཀུང་ཟི། ཧའེ་ཙི་སྙན་ངག་བཤམས་སྟོན་ཁང་། མཚོ་སྔོན་ཀན་ཧྥིན་ལི་ཡེ་ཚད་ཡོད་ཀུང་ཟི། མཚོ་སྔོན་ནན་པའོ་ནུས་ཁུངས་གསར་པའི་ཚན་རྩལ་ཚད་ཡོད་ཀུང་ཟི། གཏེར་ལེན་ཁའི་རླངས་འཁོར་འབྲིང་གྲས་ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་། ཚྭ་ཁའི་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་བཅས་སུ་ནུས་ཁུངས་གསར་པ་དང་ཁྱད་ལྡན་སྐྱེ་དངོས། གཟན་རྩ། རིག་གནས་ཡུལ་སྐོར། ལི་སོགས་ཐོན་ལས་འཕེལ་རྒྱས་དང་ཚྭ་ཅན་གྱི་ས་ཞིང་བཅོས་སྐྱོང་བྱས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས།
སུང་ཅོན་ཞ་དང་ལི་གོ་ཧྲེང་། མཚོ་ནུབ་ཁུལ་གྱི་ལི་ཐེན་ལིན་དང་ཁྲེན་ཞུའེ་པང་བཅས་འབྲེལ་ཡོད་མགོ་ཁྲིད་བྱ་འགུལ་དུ་ཞུགས། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།