• ཟླ3པའི་ཚེས29ཉིན།«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»དང«བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས»སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོ་དེ་རྒྱལ་ཁབ་དཔེ་མཛོད་ཁང་དུ་སྤེལ།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཚབ་བྱས་ཏེ་རྒྱལ་ཁབ་དཔེ་མཛོད་ཁང་ལ་དཔེ་ཆའི་ཞལ་འདེབས་གནང་།རྒྱལ་ཁབ་དཔེ་མཛོད་ཁང་གི་རྒྱུན་ཨུའི་འགོ་བ་གཞོན་པ་དང་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཆིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཚབ་བྱས་ཏེ།ཞལ་འདེབས་དང་ལེན་དང་ཞལ་འདེབས་དཔང་ཡིག་གནང་།རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་བོའི་གསུང་རབ་ལེགས་སྒྲིག་ཞིབ་འཇུག་ཁང་གི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཧྲའོ།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར།ཁྲིན་ཏུའུ་ལེན་ཐུའུ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལུའུ་ཡཱ་ཧྥུན་སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོར་ཞུགས།ཞལ་འདེབས་བྱེད་སྒོ་དེར་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཧོང་ལའེ་ཡིས་མདོ་འཛིན་བྱས།...

    2024-04-03 10:58:18 མཚོ་སྔོན་པོ་དྲ་བ། 8181
  • རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཅན་དང་།ཆེད་ལས་ཅན།ཚད་ལྡན་ཅན་བཅས་ཀྱི་ཆུ་གྲོན་ཆུང་གི་ཞབས་ཕྱིའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་དང་།ཆུ་གྲོན་ཆུང་གི་ཞབས་ཕྱིའི་སྒྲིག་གཞིས་ཆུ་གྲོན་ཆུང་གི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པར་རྒྱབ་སྐྱོར།ཆུ་གྲོན་ཆུང་གི་བློ་འདྲི་དང་།ཇུས་འགོད།ཚད་འཇལ།ལག་རྩལ་བསྒྱུར་བཀོད།འཁོར་སྐྱོད་དོ་དམ།ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སོགས་ཀྱི་ཞབས་ཕྱི་སྤེལ་བ།ཆུ་གྲོན་ཆུང་གི་ཞབས་ཕྱིའི་སྒྲིག་གཞིས་ཆུ་སྤྱོད་ལས་ཁུངས་སམ་ཡང་ན་མི་སྒེར་དང་ཆུ་གྲོན་ཆུང་གི་དོ་དམ་གན་རྒྱ་འཇོག་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ།...

    2024-04-02 10:22:34 མཚོ་སྔོན་པོ་དྲ་བ། 8073
  • རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་ནི།སྤྱི་ལོ2019ལོའི་ཟླ12པར་བཙུགས་པ་དང་།རེབ་གོང་ཡུལ་གྱི་རིག་གནས་སྒྱུ་རྩལ་སྐོར་གྱི་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིགསྲུང་སྐྱོབ།རྒྱུན་འཛིན།ཞིབ་འཇུག་སོགས་ཀྱི་ལས་ཀ་གཙོ་བོར་གཉེར་བའི་ལས་ཁུངས་ཤིག་ཡིན།ལས་ཁུངས་འདིར་ཟློས་གར་སྒྱུ་རྩལ་ཞིབ་འཇུག་ཚན་ཁག་དང་ཕྱོགས་བསྡུས་སྒྱུ་རྩལ་ཞིབ་འཇུག་ཚན་ཁགཐང་ག་སྒྱུ་རྩལ་ཞིབ་འཇུག་ཚན་ཁག«རེབ་གོང་སྒྱུ་རྩལ་ཞིབ་འཇུག»དུས་དེབ་རྩོམ་སྒྲིག་ཁང་།ཡིག་ཚགས་ཁང་བཅས་ཞིབ་འཇུག་ཚན་ཁག་ལྔ་རུ་བགོས་ཡོད་པ་དང་།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དངོས་སྦྱོང་རྟེན་གཞིའང་འདི་རུ་བཙུགས་ཡོད།...

    2024-03-27 10:25:52 མཚོ་སྔོན་པོ་དྲ་བ། 7934
  • སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཆེད།ཉེ་ཆར་སློབ་གསོ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་ཡིས«སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་ཀྱི་གཏན་འབེབས་བཅུ»ཞིབ་འཇུག་ཐོག་བཟོས་པ་མ་ཟད།ད་དུང་བརྡ་ཐོ་བཏང་ནས་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་ལས་ཁུངས་དང་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཀྱིས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཁྲིམས་དང་སྒྲིག་སྲོལ་ལྟར་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་མེ་ཟོན་བདེ་འཇགས་ཀྱི་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ།འགན་འཁྲི་ལེགས་པོར་མི་བསྒྲུབས་པ་དང་མེ་སྐྱོན་ལས་འཛོལ་ཐོན་རིགས་ལ«ས་གནས་ཀྱི་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས»ཀྱི་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏང་དགོས་པའི་བླང་བྱ་བཏོན།...

    2024-03-26 08:36:12 མཚོ་སྔོན་པོ་དྲ་བ། 7781
  • «རེབ་གོང་སྒྱུ་རྩལ་ཞིབ་འཇུག»དུས་དེབ་ནི་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་གིས་རེབ་གོང་ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་སྐོར་འཚོལ་སྡུད་དང་སྲུང་སྐྱོབ།རྒྱུན་འཛིན་དང་དར་སྤེལ་སོགས་ཆེད་གཉེར་གནང་བའི་རིག་གཞུང་དུས་དེབ་ཅིག་ཡིན་ཞིང་།སྔ་རྗེས་སུ་དུས་དེབ་འདིར་བོད་རྒྱ་ཡིག་རིགས་ཀྱི་རིག་གཞུང་དཔྱད་རྩོམ་བརྒྱ་དང་དགུ་བཅུ།པར་རིས་ཞིབ་འགྲེལ་བརྒྱ་ཙམ་བཀོད་པ་ལ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་གཉེར་པ་དག་གི་དགའ་བསུ་ཆེན་པོ་ཐོབ།ཐེངས་འདིའི་འདོན་ཐེངས་དྲུག་པ་ལ།ཆབ་སྲིད་དཔལ་འབྱོར་དང་ཡུལ་སྲོལ་གོམས་གཤིས།ཆོས་ལུགས་དང་ལོ་རྒྱུས་ཡིག་ཚང་།ལོ་ཙཱ་དང་སྐད་བརྡ།རྩོམ་རིག་དང་ཟློས་གར་སྒྱུ་རྩལ།རི་མོའི་སྒྱུ་རྩལ།མི་སྣ་ཞིབ་འཇུགགསོ་རིགསློབ་གསོ།བཟོ་སྐྲུན།པར་རིས་ཞིབ་འགྲེལ་སོགས་ཚན་བྱང་རིགས་འགའ་དབྱེ་རྩིས་ཡོད་པས།རྒྱ་ཆེའི་རིག་གཞུང་ཞིབ་འཇུག་པ་དག་གིས་གཤམ་གྱི་རེ་འདུན་ལྟར་རྩོམ་བསྐུར་བར་དགའ་བསུ་ཞུ།...

    2024-03-15 14:40:05 རེབ་གོང་སྒྱུ་རྩལ་ཞིབ་འཇུག་ཁང་། 7785
  • ཏུའུ་ལན་རྫོང་ནས་ལམ་ལ་ཆས་ཤིང་།རླངས་འཁོར་བསྐོར་ཏེ་ཁྲ་ཧན་ཝུའུ་སུའུ་ཆུ་བོའི་བྱང་འགྲམ་དེད་ནས་ཕྱིན་ན།སྒང་གཤོང་མི་སྙོམ་པའི་རི་ཚོགས་ཀྱིས་ཆུ་ཁོལ་གྲོག་རོང་ཡོངས་སུ་བསྐོར་ཡོད་ཅིང་།ནོར་ལུག་རྣམས་རི་ལྡེབས་ཀུན་ཏུ་རྒྱུ།ཆུ་ཁོལ་ཞང་རྫ་དམར་སྡེ་བའི་སྡེ་དམངས་རྡོ་རྗེ་ཚེ་བརྟན་གྱིས“རྒན་རབས་པ་རྣམས་ཀྱིས་བཤད་པ་ལྟར་ན།ས་འདི་སྔོན་ཆད་རྩྭ་ཆུ་འཛོམས་པའི་འབྱོར་ཕྱུག་གི་གནས་ཤིག་ཡིན་ཟེར”ཞེས་བཤད་བྱུང་། ...

    2024-03-15 10:55:28 མཚོ་སྔོན་པོ་དྲ་བ། 17805
  • དཔེ་རྙིང་ལ་སྔར་བས་སྲུང་སྐྱོབ་བྱ་ཆེད།བླ་བྲང་དགོན་པས་ཆེད་དུ་དཔེ་རྙིང་མཛོད་ཁང་བཙུགས་ཏེ་ཆེད་བསྐོས་དགེ་འདུན་པ་ཚོས་དཔེ་རྙིང་སྲུང་སྐྱོབ་དང་གསུང་འབུམ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་གྱི་འགན་ཁུར་ཡོད།ཉེ་ཆར་གསར་འགོད་པས་དཔེ་མཛོད་ལྷ་ཁང་དུ་བཅར་འདྲིར་བསྐྱོད་སྐབས།ཐོག་སོ་གསུམ་ལྡན་གྱི་ལྷ་ཁང་དུ་དཔེ་སྒྲོམ་དང་དཔེ་དེབ་བསྒྲིགས་ཡོད་པ་མཐོང་བྱུང་ལ།ཐོག་སོ་དང་པོ་དང་གཉིས་པར་ཡིག་ཚགས་བཟོས་མེད་པའི་དཔེ་དེབ་བཞུགས་ཡོད་པ་དང་།ཐོག་སོ་གསུམ་པར་སྡེབ་སྦྱོར་གྱི་སྐོར་དང་བཟོ་རིག་པའི་སྐོར་སོགས་ཡོད་པར་མ་ཟད།རེ་རེར་ཨང་རྟགས་བཀོད་ཅིང་ཤོག་གྲངས་ཀྱི་ཆད་ལྷག་ལ་གསལ་ཁ་བཏོད་ཡོད།...

    2024-03-13 08:42:28 མཚོ་སྔོན་པོ་དྲ་བ། 7613
  • ཐོན་རྫས་མི་འདྲ་བའི་འགན་ལེན་གསུམ་གྱི་གོ་ཆོད་དུས་ཡུན་མི་འདྲ་བས།ཚོང་གཉེར་མཁན་གྱི་ཞིག་གསོ་ཞབས་ཞུ་ཡང་མི་འདྲ་བ་རེད།འོན་ཀྱང«གཏན་འབེབས»ཀྱི་དོན་ཚན་དགུ་པ་དང་བཅུ་པའི་སྒྲིག་སྲོལ་ལྟར་ན།ཐོན་རྫས་ཚང་མ་འཛིན་ཤོག་བྲིས་པའི་ཉིན་ནས་བཟུང་བརྩི་ཆོག་ལ།ཉིན་བདུན་རིང་ཐོན་རྫས་ཀྱི་གཤིས་ནུས་ལ་ཆག་སྐྱོན་བྱུང་ཚེ།འཛད་སྤྱོད་པས་ཚོང་རྫས་ཕྱིར་སློག་པའམ་བརྗེ་བ།ཞིག་གསོ་བཅས་བྱེད་ཆོགཉིན་བརྒྱད་ནས་བཅོ་ལྔའི་རིང་ཐོན་རྫས་ཀྱི་གཤིས་ནུས་ལ་ཆག་སྐྱོན་བྱུང་ཚེ།འཛད་སྤྱོད་པས་ཚོང་རྫས་བརྗེ་བའམ་ཞིག་གསོ་བྱེད་ཆོགའཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་ཉོ་སྐབས་ཐོན་རྫས་ཀྱི་འགན་ལེན་གསུམ་གྱི་གོ་ཆོད་དུས་ཡུན་ལ་དོ་སྣང་བྱེད་དགོས།གསལ་བཤད་བྱེད་དགོས་པ་ཞིག་ལ་གོང་གི་ཞབས་ཞུ་རིགས་གསུམ་གྱི་འགྲོ་གྲོན་ཡོད་ཚད་ཚོང་གཉེར་མཁན་གྱིས་འགན་འཁུར་དགོས།།...

    2024-03-04 15:59:18 མཚོ་སྔོན་པོ་དྲ་བ། 6953

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།