-
[སྣ་ཚོགས།]
མཚོ་ལྷོ་ཁུལ་གྱི“ལྗང་སྨྱུག་བུམ་པའི”སློབ་འབྲིང་སློབ་མའི་གསར་རྩོམ་འགྲན་བསྡུར་སྐབས་དང་པོའི་རྩོམ་བསྡུའི་གསལ་བརྡ།
རྒྱ་ཆེའི་སློབ་མའི་རྩོམ་འབྲིའི་སྤྲོ་སེམས་སྐྱེད་པ་དང་།སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་།འདོད་བློ་སྟོན་པའི་ནུས་པ།བསམ་གཞིག་གི་ནུས་པ།གསར་གཏོད་ཀྱི་ནུས་པ་བཅས་གསོ་སྐྱོང་བྱེད་པ།སློབ་མའི་སྐད་ཡིག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ།སློབ་མའི་རྩོམ་འབྲིའི་བློ་སྦྱོང་མཐོར་འདེགས་གཏོང་བ།རྒྱ་ཆེའི་སློབ་མ་རྣམས་ལ་རང་ཉིད་ངོམ་པའི་ལས་སྟེགས་ཤིག་སྐྲུན་པ།རྩོམ་རིག་གི་རྒྱབ་དཔུང་སྔར་ལས་གསོ་སྐྱོང་བཅས་བྱ་ཆེད།གུང་གཞོན་ཚོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་།མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱེད་པའི“ལྗང་སྨྱུག་བུམ་པའི”སློབ་འབྲིང་སློབ་མའི་གསར་རྩོམ་བསྡུ་བའི་འགྲན་བསྡུར་དེ་ཁུལ་ཡོངས་ཀྱི་སློབ་འབྲིང་སློབ་མར་ཁ་ཕྱོགས་ཏེ་རྩོམ་ཡིག་བསྡུ་བ་ཡིན།...
2024-05-14 08:05:24 མཚོ་སྔོན་པོ་དྲ་བ། 7399 -
[སྣ་ཚོགས།]
ཕོ་བྲང་པོ་ཏ་ལའི་དམིགས་བསལ་འགྲེམ་སྟོན་དབྱང་ཀྲོའུ་ཀྲུང་གོ་ཏཱ་ཡུན་ཧོ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ།
2024ལོ་ནི་ཕོ་བྲང་པོ་ཏ་ལ་གཟུགས་འདས་ཤུལ་བཞག་རིག་གནས་མིང་བྱང་ནང་སྙན་ཞུ་བྱས་ནས་ལོ་འཁོར30ལོན་པའི་ལོ་ཡིན་ཞིང་།དབྱང་ཀྲོའུ་ཏཱ་ཡུན་ཧོ་དངོས་མང་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་མཉམ་འབྲེལ་སྒོས་ཀྲུང་གོ་ཏཱ་ཡུན་ཧོ་དངོས་མང་བཤམས་སྟོན“རིག་གནས་ཤུལ་བཞག”སྐོར་གྱི་འགྲེམ་སྟོན་གྱི“ཕོ་བྲང་པོ་ཏ་ལ་སྟེ་གངས་ལྗོངས་མཐོ་སྒང་གི་འཛམ་གླིང་རིག་གནས་ཤུལ་བཞག”ཅེས་པའི་འགྲེམ་སྟོན་སྤེལ་ནས།ཐེངས་འདིའི་དམིགས་བསལ་འགྲེམ་སྟོན་སྟེང་བསྡོམས་པས་ཕོ་བྲང་པོ་ཏ་ལའི་ཉར་ཚགས་བྱས་པའི་རྩ་ཆེན་རྫས་རིགས101འགྲེམ་སྟོན་བྱས་ཤིང་།ཐང་ག་དང་སྐུ་འདྲ།ཕྱག་མཚན།གྱོས་ཆས་སོགས་འདུས་པས་ལྟད་མོ་པའི་ཡིད་སེམས་བཀུག་པ་རེད།།...
2024-05-13 14:59:45 ལྷ་སྒྲོན་མཚོས་བསྒྱུར། 7247 -
དཔྱིད་ཟླ་བཞི་བའི་ཉི་འོད་དྲོད་ཅིང་འཇམ་པ་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་སློབ་ཆུང་དང་པོར་བསྐྱོད་ཚེ་མིག་ལམ་དུ་མངོན་པ་ནི་དག་གཙང་གི་སློབ་ར་དང་དཔེ་ཀློག་བྱེད་བཞིན་པའི་རྣམ་པ་ཡིན།སྐབས་དེར་སློབ་མ་ཚོས་དྲོས་ཇ་འཐུང་བའི་དུས་ཚོད་ཡིན་པས།སློབ་མ600ལྷག་ཤོང་བའི་སློབ་གྲྭའི་ཟ་ཁང་སྒོ་ཁར་སློབ་མ་ཚོ་གྲལ་སྒྲིག་ནས་རིམ་བཞིན་ཟ་མ་ལེན་དུ་འགྲོ་བཞིན་ཡོད།སྐར་མ་འགའ་ཙམ་མ་འགོར་བར་སློབ་མ་ཚོས་འཚོ་བཅུད་ལྡན་པའི་དྲོས་ཇ་འཐུང་ཐུབ་པར་གྱུར།མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་པ།བདེ་འཇགས།འཚོ་བཅུད་ལྡན་པའི་མངར་ཟས་ལ་བྱིས་པ་ཚོའི་དགའ་བསུ་ཐོབ་ནས་སེམས་ཀྱང་སྐྱིད་པར་གྱུར།...
2024-05-10 08:43:43 ལྷ་སྒྲོན་མཚོས་བསྒྱུར། 7099 -
ཡངས་པའི་འཇིག་རྟེན་ཁམས་ན།ང་ཚོ་སའི་གོ་ལ་འདིའི་ངོ་མཚར་ལས་མི་སེམས་འགུལ་བའི་རང་བྱུང་གི་རི་མོ་རེ་རེ་གྲུབ་ཡོད་ཅིང་།རྟོག་ཞིབ་བྱེད་མཁན་མི་རྣམས་ཀྱི་འདྲེན་བྱེད་དབང་པོ་འཕྲོག་པར་བྱེད།བར་སྣང་ནས་སའི་གོ་ལར་བལྟ་སྐབས།མཐའ་ཡས་ཀྱི་རྒྱ་མཚོ་ནི་སའི་གོ་ལའི་འཕར་མཆོང་གི་སྙིང་དང་འདྲ་བར།ཚེ་སྲོག་གི་དབྱངས་རྟ་སྒྲོག་པ་དང་།ལྷད་མེད་ཀྱི་རྣམ་ཤེས་ཤིག་ལས་འཛམ་གླིང་འདིར་བརྩེ་བའི་རེ་འབོད་བྱེད།...
2024-04-25 07:33:41 མཚོ་སྔོན་པོ་དྲ་བ། 6808 -
ཉེ་ཆར།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ»པོ་ཏི108པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་མ་ལག་ལྡན་པའི་འཚོལ་བསྡུ་ལེགས་སྒྲིག་དང་།གཟབ་ནན་གྱི་ཞིབ་བསྡུར་དང་རྩོམ་སྒྲིག་པར་སྐྲུན་བྱས་པ་བརྒྱུད།ལོ་ངོ་སྟོང་ཕྲག་དུ་མའི་བོད་ཀྱི་ཤེས་རིག་མཚོན་པའི་གནའ་དཔེ་དག་དེང་རབས་ཀྱི་པར་འདེབས་ལག་རྩལ་དང་གྲངས་འཛིན་དཔེ་སྐྲུན་གྱི་རྣམ་པའི་ཐོག་ནས་མངོན་ཡོད་པས།ཕྱི་ཕྱོགས་ཀྱིས་རང་རྒྱལ་གྱི་བོད་ཀྱི་རིག་གནས་འགོ་ཁུངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།...
2024-04-24 08:08:21 མཚོ་སྔོན་པོ་དྲ་བ། 6808 -
ཉེ་བའི་ལོ་འགའི་རིང་མཚོ་ལྷོ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་མཚོན་ཁུལ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི“ལྟེ་བ་གཅིག་དང་གདུབ་གཅིགཁུལ་མང་པོའི”ཡུལ་སྐོར་རྣམ་པ་ནང་ཞུགས་ཏེ་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་།།...
2024-04-15 14:38:12 ཚེ་རིང་རྒྱ་མཚོས་བསྒྱུར། 6546 -
ཟླ3པའི་ཚེས29ཉིན།«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»དང«བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས»སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོ་དེ་རྒྱལ་ཁབ་དཔེ་མཛོད་ཁང་དུ་སྤེལ།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཚབ་བྱས་ཏེ་རྒྱལ་ཁབ་དཔེ་མཛོད་ཁང་ལ་དཔེ་ཆའི་ཞལ་འདེབས་གནང་།རྒྱལ་ཁབ་དཔེ་མཛོད་ཁང་གི་རྒྱུན་ཨུའི་འགོ་བ་གཞོན་པ་དང་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཆིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཚབ་བྱས་ཏེ།ཞལ་འདེབས་དང་ལེན་དང་ཞལ་འདེབས་དཔང་ཡིག་གནང་།རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་བོའི་གསུང་རབ་ལེགས་སྒྲིག་ཞིབ་འཇུག་ཁང་གི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཧྲའོ།ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར།ཁྲིན་ཏུའུ་ལེན་ཐུའུ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལུའུ་ཡཱ་ཧྥུན་སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོར་ཞུགས།ཞལ་འདེབས་བྱེད་སྒོ་དེར་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཧོང་ལའེ་ཡིས་མདོ་འཛིན་བྱས།...
2024-04-03 10:58:18 མཚོ་སྔོན་པོ་དྲ་བ། 6575