བྱ་མདོ་དོན་གྲུབ་ཚེ་རིང་གི《ན་བུན་ཁྲོད་ཀྱི་དབྱར་ཟླ》།
རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-11-02 11:16:00
ཀློག་གྲངས།:
ནམ་གསལ་བ་ན།རྩྭ་ཐང་གི་གདོང་ན་ཞི་འཇམ་གྱི་མཁའ་དརྗགས་དྭངས་མོ་ཞིག་གིས་མཚན་མོ་སྐྱོ་བོ་ཞིག་གི་རླུང་རྟ་ཡར་ལ་བསྐྱོད་པར་ཡོད་ཚད་ལ་བྱིལ་བྱིལ་གནང་གིན་པའི་འགྲོས་དང་བསྟུན་ནས་ཁོ་ཡང་གཉིད་ལས་སད་བྱུང་།རེད་དེ། རྩྭ་ཐང་གི་ཡོད་ཚད་འཇམ་ཅག་ཅག་གིས་གནས་པའི་ཞོགས་པ་དེ་ནི་ཁོ་ཚོར་དབྱར་གནང་བཏང་བའི་ཞོགས་པ་དེ་དང་གཏན་ནས་འདྲ་བོ་བྱུང་ཐུབ་མ་སོང་སྟེ། ཁོ་གཉིད་ལས་སད་དུས། རང་གི་ལག་པ་གཉིས་མཉེན་འཇམ་རྫོགས་པའི་དངོས་པོ་ཞིག་ལ་རེག་ནས་གཉིད་འདུག སད་ཐག་ཆོད་དེ་བལྟས་དུས། དེ་ནི་ཁོའི་རྒྱུས་ཡོད་ཀྱི་མོའི་ཅི་ཡང་མ་རེད་དེ།དེ་ནི་རང་གིས་ངོས་ཀྱང་མི་ཟིན་པའི་རྗ་མོ་ཞིག་གི་བྲང་གཞུང་རེད། མོའི་ མིང་ལ་མེ་ཏོག་ཟེར་ཞིང་། ཕ་ཡུལ་གཡུ་སྒང་རྩྭ་ཐང་གི་ཡིན་འདུག མོ་གཞུང་དྲང་དང་ཡིད་རྟོན་རུང་བ་ཞིག་ཡིན་མིན་སུས་ཀྱང་བཤད་དཀའ་ནའང་། གང་ལྟར། མདང་ནུབ་ཁོ་བསྐྱལ་ནས་གླུ་ཁང་ཁ་གཏད་ཀྱི་མགྲོན་ཁང་དེར་འོངས་ཤིང་། དེ་ནས་བཟི་ནས་ཉོག་ཏུ་གྱུར་འདུག་པའི་ཁོར་རོགས་རམ་བྱས་ཏེ་གཉིད་ཁུལ་བྱས་ཏེ་ཁོ་སད་པར་སྒུག་འདུག་པའི་མེ་ཏོག་གིས་ཁོ་སད་བྱུང་བ་ཤེས་འཕྲལ་མྱུར་མོར་སྐེ་ཁ་ཁོ་སར་གཏད་དེ་གཉིད་ཞིམ་པོ་ཞིག་ཁུག་སོང་ངམ་ཞེས་དྲིས། ཁོས་མེ་ཏོག་གི་གདོང་ན་ཁ་སྐྱེངས་པའི་རྣམ་འགྱུར་ཞིག་ཡར་མཆོངས་མར་ལྡིང་བྱེད་ཀྱི་ཡོད་པ་མཐོང་སྟེ་རང་ཉིད་ཀྱང་ཐོག་མར་ངོ་ཚ་བར་གྱུར་ཅིང་། མཐའ་མར། མོའི་སྟེང་ལ་ཞེ་སྡང་ལངས་བྱུང་། མོས་ཅིའི་ཕྱིར་རང་ལ་འདི་བྱེད་དགོས་སོང་ངམ་སྙམ་པ་དང་མཐུད་ནས་ཁྱོད་སུ་ཡིན། ཅིའི་ཕྱིར་ངའི་རུམ་ན་ཡོད་པ་ཡིན་ནམ་ཞེས་ལེ་བདའ་ལྟ་བུ་ཞིག་བྱས་བྱུང་།
དེར་མེ་ཏོག་གིས་རང་ཉིད་མཚམས་སྦྱོར་ཅིག་བྱས་རྗེས། ཁྱོད་མདང་དགོང་གཉིད་སོང་བས་ཅི་ཡང་ཤེས་ནི་མ་རེད་ཅེས་ཅི་ཞིག་གནོངས་ཀྱི་ཡོད་པ་ལྟ་བུས་དེ་ལྟར་བཤད། ཁོས་མིག་བཙུམ་ནས་ཅུང་ཙམ་ལ་བསྡད་རྗེས།ད་གཟོད་ཅི་ཞིག་དྲན་པ་ལྟར་འུ་གཉིས་ལ་མདང་ནུབ་དོན་དག་འདྲ་ཨེ་བྱུང་། ཞེས་དྲིས།མེ་ཏོག་གིས་ཁོར་དྲང་མོར་བཤད་ན་ཁོ་རང་ཁྲོས་འགྲོ་བར་དོགས་པས་མཇུག་མཐར་རྫུན་ཚིག་ཅིག་གིས་ཁོའི་མགོ་གཡོག་ཨེ་ཐུབ་བལྟས།
ནམ་གསལ་ཐག་ཆོད་དེ་ཞོགས་པའི་ཉི་འོད་ཀྱང་སེར་ལམ་ལམ་ངང་རྩྭ་ཐང་གི་གྲུ་ག་སོ་སོར་འཛུམ་གྱི་ལིར་འཕྲོས་ཡོང་བ་ན་མདོ་དརྗས་མཐོ་སྒང་གི་རྩྭ་ཐང་ཡངས་པོ་ཞིག་གི་ཕང་བ་རུ་དྭངས་གཙང་གི་མཁའ་དབུགས་ནེམ་པོ་ཞིག་གི་ཁུད་དུ་ལྷོད་འཇགས་ཀྱིས་རྨང་ནས་བཟི་ཚར་བའི་སོ་ཕག་གི་ཁང་མིག་ཆུང་ཆུང་ཞིག་ནས་ཁོས་དེ་ལྟར་མེ་ཏོག་གི་རུམ་ཁ་ནས་མེ་ཏོག་ངོ་ཤེས་སོང་།ཡིན་ཡང་།མེ་ཏོག་ཡང་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་།རྩྭ་ཐང་གི་ཡོད་ཚད་ལ་འགྲོགས་ཤིང་འདྲིས་ཆེ་བའི་འབྲོག་མོ་རྣམ་དག་ཅིག་ཡིན་པས་ཡུན་རིང་གི་དུས་ཚོད་ཅིག་ལ་ཁོར་འདུག་རོགས་བྱེད་ག་ལ་ཐུབ་ཨང་། ཁོ་གཉིས་ཀྱིས་དེ་ལྟར་ངོ་ཤེས་ཤིང་།ཞག་གཅིག་གི་རིང་ལ་འདྲིས་ཡག་བྱས་ཀྱང་ནམ་གསལ་དུས་ཅི་ཡང་མི་ཤེས་ཁུལ་བྱེད་ཀྱི་ཡོད་པའི་མེ་ཏོག་དང་ཁོ་གཉིས་ཀྱིས་ཐེ་ཚོམ་གྱི་མིག་བརྡའི་ཀློང་ནས་ཕན་ཚུན་ལ་བདེ་མོ་བཞག་ཅིང་། ཁོས་དེ་སྔོན་རང་གིས་བཙལ་བའི་འབྲོག་ཚང་དེར་ཡང་མ་སོང་བར། མེ་ཏོག་གིས་བྱིན་པའི་ཁ་པར་ཨང་གྲངས་དེ་བཟུང་ནས་གཡུ་སྒང་གི་ཕྱོགས་སུ་འགྲོ་བའི་རླངས་འཁོར་ཞིག་ལ་བསྡད་དེ་སུ་ཞིག་གི་རེ་སྒུག་གི་སྨོན་འདུན་གྱི་བརྩེ་་བ་བཤམས་སའི་གོས་ཆེན་ཞིག་དང་འདྲ་བའི་ཐང་ཆེན་པོ་ཞིག་བརྒྱུད་ནས་ཤུར་སེར་རྗད་སོང་།ཁོ་སོང་ཤུལ་ནས་མེ་ཏོག་གིས་ཀྱང་ལག་ཏུ་དངོས་པོ་་ཙག་ཙིག་ཅིག་བཟུང་ནས་ཕ་ཡུལ་ཕྱོགས་སུ་རྗད་སོང་། མེ་ཏོག་དེ་ལྟར་རླངས་འཁོར་དུ་རྗད་རྗེས།ཡར་མར་ཅང་ལའང་འདང་རྒྱག་མ་འདོད་པར་རླངས་འཁོར་གྱི་དྲ་མ་ལས་རྒྱང་རིང་གི་གང་ཞིག་ལ་ཅེར་ནས་བསྡད། རྒྱང་རིང་གི་རི་ཚོགས་དང་རི་ཚོགས་ཀྱི་གསེང་དུ་ལན་རེ་མངོན་ཞིང་ལན་རེར་མཐོང་ལམ་ནས་ཡལ་འགྲོ་བའི་ལུག་ཁྱུ་དང་རྫི་བོ་དེ་དག་ནི་མོའི་མཐོང་ལམ་དུ་དེ་ལྟར་གསལ་ནའང་། མེ་ཏོག་གི་དྲན་པའི་རི་ཁྲོད་དུ་ད་དུང་ཡང་ཧ་ཅང་གསལ་བོས་འགུལ་བཞིན་ཡོད་པ་ནི་མདང་ནུབ་ཀྱི་ཁོ་སྟེ བཟི་ནས་འགུལ་མི་ཐུབ་ནའང་བཙན་གྱིས་མོའི་སྟེང་ལ་ཞོན་འོངས་པའི་ཁོ་རེད། གླུ་ཁང་ནས་གླུ་ལེན་པའི་སྐབས་ཀྱི་ཁོའི་སྐད་ངག་དེ་དང་ཉམས་འགྱུར་དེ། ད་དུང་དཀར་ལ་རྒྱགས་པའི་ངོ་གདོང་གི་འཛུམ་མདངས་གསལ་ལ་མི་གསལ་བ་དེས་མེ་ཏོག་གི་ཡིད་སེམས་རྨང་ནས་དགའ་བས་བཅོམ་པས། མཇུག་མཐར། ཆང་འཐུང་བ་མང་དྲགས་པས་གར་འགྲོ་འདིར་འགྲོ་མ་ཤེས་པར་ཡོད་པའི་ཁོར་མེ་ཏོག་རང་གིས་བདག་བྱས་ཏེ་མགྲོན་ཁང་དེའི་ནང་དུ་ཅི་ལྟར་ཡོང་ཚུལ། དེ་ནས་ཁོའི་ལྭ་བ་རྣམས་ཕུད་ནས་བདེ་བར་ཉལ་དུ་འཇུག་འདོད་སྐབས། ཁོས་གསལ་ལ་མི་གསལ་བའི་ངང་ནས“གཡང་མོ་སྐྱིད གཡང་མོ་སྐྱིད་་་་་་་་་”ཞེས་མེ་ཏོག་ལ་འཐམས་ཤིང་། ཁྱོས་དོན་དམ་དུ་ཁྱོད་དང་སྡེ་བ་གཅིག་པའི་ཁྱི་སྐྱག་ དེར་གཉེན་བསྒྲིག་བྱ་རྒྱུ་ཡིན་ཟེར་དོན་ཅི། ངེད་གཉིས་ས་ཁ་ཐག་རིང་བའི་ཁུལ་ཁག་མི་གཅིག་པའི་ས་ཆ་གཉིས་ནས་འཚར་ཞིང་འཚོ་བ་བདེན་ན་ཡང་།ངེད་གཉིས་ཀྱི་ལུས་སྟངས་ན་མི་གཅིག་ས་ཅི་ཞིག་མཆིས། ཁྱོས་ཅི་ཞིག་གི་ཕྱིར་དུ་འདི་བྱེད་པ་ཡིན་ནམ་ཞེས་མེ་ཏོག་གིས་གོ་རྒྱུ་ཅི་ཡང་མེད་པ་ལྟ་བུ་ཞིག་སྟེ་སེམས་སྡུག་པའི་སྐད་ཆ་ཞིག་ཡིན་པ་ཆ་མེད་ཅིག་གིས་ཉན་ཡང་ཤེས་ངེས། དེར་མེ་ཏོག་གིས་ཁོའི་ཉམ་མི་ང་ཐབས་མེད་དུ་གྱུར་བའི་སྐད་ཆ་དེར་ལན་ཅི་ཡང་མ་བཏབ་པར་ཁོའི་རུམ་ལ་འཛུལ་ཏེ་འཇམ་ཅག་མིན་པའི་མཚན་མོ་ཞིག་རོལ་བ་དེས་དེ་རིང་གི་མོའི་ཡ་ཆུང་དང་མ་ཆུང་གང་ལའང་ཐེ་ཚོམ་དང་སྨྲེང་བའི་རྨ་ཁ་མང་པོ་ཞིག་གཞན་གྱིས་མི་མངོན་པའི་ཚུལ་དུ་བཞག་ཡོད་པ་ལྟ་རྗའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་སོང་།[
རེད་དེ། ཁོ་རང་ཁོའི་དབྱར་གནང་གི་འཆར་གཞི་ཙམ་པོ་དེའི་ཕྱིར་དུ་དེ་ལྟར་གཡུ་སྒང་དུ་ཐོན་ལ་ཉེ་དུས།ད་ལྟ་ཁོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་ཡིན་པའི་མོས་ཁ་པར་ཐོན་བྱུང་། “སྙིང་སྡུག ད་ལྟ་ས་ཆ་གང་ཞིག་ལ་ཐོན་ཡོད་དམ། མདང་ནུབ་མལ་ས་ཞིག་ལག་སོན་ཨེ་བྱུང་། གྲོང་ཁྱེར་མིན་པའི་མཐོ་སྒང་གི་ནམ་ཟླ་ནི་དབྱར་ཁ་ཡིན་ཡང་འཁྱག་
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།