བྱ་མདོ་དོན་གྲུབ་ཚེ་རིང་གི《ན་བུན་ཁྲོད་ཀྱི་དབྱར་ཟླ》།
རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-11-02 11:16:00
ཀློག་གྲངས།:
པའི་ངོ་བོ་ལྡན་པས་མདང་ནུབ་ཨེ་གྲང”སོགས་ཞིབ་ཏུ་ཤ་ཚ་ཚ་བྱས་ནས་དྲིས་བྱུང་། ཁོས་ལན་སྟབས་བདེ་ཞིག་བསྐྱོན་རྗེས། གཡུ་སྒང་ཞེས་པའི་ས་ཆ་ཞིག་ལ་ལུག་འཚོ་རུ་འགྲོ་དགོས་པ་དང་།དེར་ཐོན་ཚེ་བརྡ་རྟགས་ཀྱང་ཡོད་མེད་མི་ཤེས་ཞེས་བཤད། ཁོ་གཡུ་སྒང་ཞེས་པའི་ས་ཆ་དེར་ཐོན་རྗེས་མེ་ཏོག་གིས་རང་ལ་བྱིན་པའི་ཨང་གྲངས་དེར་འབྲེལ་བ་བྱས་པས་ལུག་འཚོ་ས་ཞིག་རྙེད་བྱུང་།
དབྱར་གནང་བཏང་བའི་ཞོགས་པ་དེ་ནས་དེ་ལྟ་བུའི་ཞོགས་པ་བཅུ་ཁ་ཞིག་ཁོས་གཡུ་སྒང་གི་སྨུག་པ་ལང་ལོང་དེའི་ཁྲོད་ནས་དོན་སྙིང་དང་རིན་ཐང་ཅི་ཡང་མེད་པ་ལྟར་ཕར་ལ་བསྐྱལ་ཐབས་བྱས་ནས་བསྡད། ཁོ་དེ་ལྟར་ཡུལ་དུ་མ་སླེབས་པར་དབྱར་གནང་གི་ཉིན་བཅུ་ཁ་ཞིག་འགོར་བའི་ཡུན་དེར་ཁོའི་ཕ་ཡུལ་ནི་ལྷིང་འཇགས་ཀྱི་ཀློང་ན་ཁུ་སིམ་མེར་འཚོ་བ་ཞིག་ཡིན་ནམ། སྡེ་མི་ཀུན་གྱིས་ཁོའི་ཨ་ཕར་དྲིས་ཡོང་བ་ནི་ཁྱོད་ཚང་གི་ཞི་ལིས་ད་ལྟ་གནས་གང་ཞིག་ཏུ་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་པ་དེ་རེད།ངེད་ཚང་གི་ཞི་ལིས་བླ་བྲང་དུ་སློབ་གཉེར་བྱེད་ཀྱིན་ཡོད།
མེ་ཏོག་ཕ་ཡུལ་དུ་འབྱོར་ནས་ཉིན་འགའ་འགོར་སོང་།ཕ་ཡུལ་གྱི་ཡོད་ཚད་ཧ་ཅང་ཞི་འཇགས་ཀྱིས་ཡོད་དུས། ད་གཟོད་མོའི་སེམས་སུ་ཉམ་ཆུང་གིས་བསྐུངས་པའི་དོན་དག་ཅིག་ནི་རང་དབང་མེད་པར་ཇེ་ཆེ་ནས་ཇེ་ཆེ་ཡིན་པའི་གནང་བ་ཞིག་ཀྱང་འགོག་མེད་དུ་སྐྱེ་བྱུང་།མོས་ཁུ་སིམ་གྱི་ཁྲོད་དུ་ཉལ་བའི་རང་གི་དྲན་པའི་འདས་དོན་དག་བཀླགས་ནས་བསྡད། མོས་ཁོས་ཁ་པར་ཞིག་ཨེ་ཡོང་ལ་རེ་བ་བྱས་ནས་བསྡད། འོན་ཀྱང་། ཁོས་མེ་ཏོག་ཟེར་བའི་མི་དེ་གཏན་ནས་དྲན་གྱི་མེད་ལ་དྲན་ཡང་མི་སྲིད། ཁོས་དྲན་སྲིད་པ་ནི་དབྱར་གནང་བཏང་བའི་ཞོགས་པ་དེ་དང་དེའི་ཁྲོད་དུ་ལྷུང་བའི་ཁོ་དང་མོ་གཉིས་ཀྱི་སྣང་བཪྙན་དེ་རེད། ཙད་དང་སེར་བའི་རྒོལ་བ་རྦབ་ལས་བཙན་ན་ཡང་ཉི་མའི་བཀའ་བཀོད་ཀྱི་འོད་ཆེན་ས་སྟེང་དུ་ལྷུང་མ་ཐག་སུ་ཡང<དོན་སྙིང>ཞིག་གི་སླད་དུ་འདུར་དགོས་པའི་འབྲོག་རྩྭ་ཐང་གི་ཡོད་ཚད་ལ་ཁོས་ཀྱང་ལོབས་ཀྱང་མི་ལོབས་རུང་ཧུར་བརྩོན་གྱིས་ཟླ་གཅིག་འགོར་ལ་ཉེ་བའི་ས་སྲོད་ཅིག་ལ་རྒྱང་རིང་ནས་ཁོར་འཕྲིན་པ་ཞིག་འབྱོར་བྱུང་།དེ་ནི་ཁོར་མཚོན་ན་མི་འགྱང་བར་རུབ་རྒྱུ་ཡིན་པའི་ས་སྲོད་དེའི་རྗེས་ཀྱི་མུན་པ་བཞིན་ཧ་ཅང་འཇིགས་ཡེར་བ་ཞིག་མིན་པའི་ངེས་པ་གཏན་ནས་མེད། ཁོས་དྲན་གདུང་་གི་སྡུག་བསྔལ་བཟོད་དུ་མེད་པ་ཞིག་ཁུརཡོད་པའི་སྐབས་དེར།མོས་ཁོ་ལ་སྡིགས་དམོད་བྱས་ཀྱང་དེ་འདྲའི་ན་ཟུག་མི་ཡོང་སྟེ། མོས་ཁོ་ལ་བཤད་པ་ནི་མོ་དང་སྡེ་བ་གཅིག་པའི་གསར་རྗ་དེ་གཉིས་ཀྱིས་དབྱར་གནང་གི་འཚོ་བ་སྐྱིད་པོ་ཞིག་རོལ་བའི་འཕྲོར་གཉེན་རྟགས་ཀྱང་བརྒྱབ་པས། ད་ནས་ངེད་གཉིས་རང་སོར་འགྲོ་དགོས་རྒྱུ་རེད་ཅེས་པ་དེ་རེད། ཁོས་མོས་བསྐུར་འོངས་པའི་འཕྲིན་ཐུང་དེ་ལན་འགར་བཀླགས་རྗེས། ཅི་ཞིག་བྱ་དགོས་པའང་མ་ཤེས་པས་རེ་ཞིག་ཁ་རོག་གེར་རྒྱང་རིང་གི་གནམ་སའི་མཚམས་སུ་སུ་ཞིག་ལ་གྱེས་ཁའི་བདེ་མོ་འཇོག་གི་ལོས་ཡོད་སྙམ་པའི་ཉི་འོད་གསལ་ལ་མི་གསལ་བ་དེར་ཅེར་ནས་བསྡད། དབྱར་གནང་བཏང་བའི་ཞོགས་པ་དེར།མོས་ཁོ་ལ་ངེད་གཉིས་ཅུང་མི་འགོར་བར་ཐུག་ཐུབ་པའི་སྨོན་ལམ་ཞེས་བཤད་པ་གསལ་བོར་དྲན་འོངས་པ་ན་ཐོག་མར་ཁོའི་བྲང་ཁོག་ནས་འགོག་ཏུ་མེད་པའི་ན་ཟུག་ཅིག་ཡར་འཕྱུར་ཅིང་། དེ་ནས་སྟོང་སིང་སིང་གི་ཚོར་བའི་ཞབས་ནས་བསམ་གཞིག་གི་ཞགས་ཐེག་རིང་བོ་ཞིག་གིས་ཁོ་རང་གཏིང་ནས་བཀྱིག་འགོ་བརྩམས་བྱུང་། ཁོ་དེ་ལྟར་བསམ་གཞིག་གི་ཞགས་ཐེག་དེས་ཁྱོན་ནས་མ་བཏང་བའི་སྐབས་དེར།མེ་ཏོག་བྱམས་པ་ཞེས་པའི་ཁོའི་ཁ་པར་གྱི་འབོད་བརྡ་དེ་ཁོ་ནས་ཁོ་སྲུང་ནས་བསྡད། འབོད་བརྡ་དེའི་སྐུད་སྣེ་རུ་སུ་ཞིག་ཡོད་དམ། ས་སྲོད་ཀྱི་གྲིབ་གཟུགས་འཇིགས་རུང་དེའི་གསེང་དུ་ཅེར་ནས་ཡུན་རིང་འགོར་བའི་མེ་ཏོག་གིས་ཁོ་ལ་ཁ་པར་ཐེངས་དུ་མར་བཏང་ན་ཡང་། སྣེ་ལེན་བྱེད་མཁན་མེད་པར་གྱུར་བས་མེ་ཏོག་གི་སེམས་སུ་ཁོས་མ་གཞི་དགོང་མོ་དེའི་ཡོད་ཚད་གསལ་བོར་ཤེས་འདུག་གི་སྙམ་བྱུང་། མོས་དེ་ལྟར་འདོད་ཅིང་དེ་ལྟར་བསམ་པས་མུན་རུབ་ནས་ཡུན་རིང་འགོར་ཡོད་པའང་ཚོར་མ་བྱུང་། དེ་ལྟར་མེ་ཏོག་གིས་ཡུན་རིང་ཞིག་ལ་སྒུག་རྗེས། ད་གཟོད་གཞི་ནས་གཉིད་ཟེར་བའི་ཚོར་བ་ལྕི་མོ་ཞིག་གིས་ལུས་པོ་ཡོངས་སུ་བསྡམས་བྱུང་།
ཁོ་རང་བསམ་གཞིག་དེའི་དོང་དུ་ལྷུང་བས་མེ་ཏོག་གིས་ཐེངས་དུ་མར་མནན་པའི་ཁ་པར་དེ་ཡང་གོ་མ་སོང་ཞིང་།དོང་རིང་དེ་ནས་ཕྱིར་འརྗད་དུས་ནི་སྐར་ཚོགས་ཀྱི་ངོ་གདོང་ཧྲིལ་བོར་སྤྲིན་ནག་སྲབ་རྗ་ཞིག་གིས་ཡོངས་སུ་གཡོགས་འདུག་དུས་རེད། མཚན་མོ་དེར། ཁོས་བདག་པོ(བདག་པོ་ནི་ཁོས་དབྱར་གནང་སྐབས་་ལུག་འཚོ་སའི་ཁྱིམ་ཚང་དེར་གོ)ཚང་གི་རས་གུར་དེའི་ནང་ནས་ལུག་ཁྱུ་བསྲུང་ཞོར་སེམས་སྡུག་གི་ཀློང་རིམ་འགྲིམ་ནས་བསྡད། ཁོས་ཐེངས་མང་པོར་མོར་འབྲེལ་གཏུགས་བྱས་ནའང་། ཐེངས་རེ་འགར་ཁ་པར་སྣེ་ལེན་བྱེད་མཁན་གྱི་མི་མེད་འགྲོ་བ་དང་།ཡང་ཐེངས་རེ་འགར་ཁ་པར་དེ་བརྡ་རྟགས་ཞན་ས་ཞིག་ཏུ་ནུབ་སོང་།
ཤར་ཕྱོགས་ཀྱི་རི་རྩེ་ནས་ཉི་འོད་ཀྱིས་རྒྱང་རིང་གང་ཞིག་གདོང་པར་ཁུར་ནས་འཛུམ་གྱི་ལེར་མངོན་ཡོང་བ་དང་བསྟུན་ནས་ཁོས་ཀྱང་རང་གི་ལམ་ཆས་སྟབས་བདེ་བ་དེ་ཁུར་ནས་ད་ནི་ཕ་ཡུལ་ཕྱོགས་སུ་བཞུད་ན་དགའ་བོ་འདུག་སྙམ་བྱུང་ལ། ཆེས་མ་མཐའ་ཡང་ཕ་ཡུལ་ནི་རང་གི་སྐྱོ་གདུང་དང་ཕམ་ཁ་གང་མང་གི་ཁུར་བོ་འབོགས་ས་ཉག་ཅིག་རེད་སྙམ་བྱུང་། ཁོས་ལུག་བདག་རྒད་པོར་ཕ་ཡུལ་དུ་དོན་དག་ཅིག་བྱུང་ཡོད་ཚུལ་བཤད་རྗེས།ཟླ་གཅིག་པོ་དེའི་རིང་ལ་རང་ལ་ཐོབ་པའི་གླ་དངུལ་དེ་ཁྱེར་ ནས་སྟོད་ཀྱི་སོག་པོ་ནས་ལམ་ལ་ཆས་ཏེ་ཕ་ཡུལ་ཕྱོགས་སུ་ཆས དེ་ལྟར་ལམ་དུ་ཆས་ནས་ཅུང་མ་འགོར་བར་མེ་ཏོག་གི་ཁ་པར་འབྱོར་བྱུང་།
མོས་བཤད་རྒྱུར།ཁྱོད་ད་ལྟ་ས་ཆ་གང་དུ་ཡོད་ཀྱང་རྫོང་མཁར་ལ་ཅིས་ཀྱང་ཐེངས་ཤིག་ལོག་དགོས། མིན་ཚེ་ང་འདི་ནས་འཆི་ངེས་ཡིན།
མོས་བཤད་རྒྱུར། ཁྱོད་ངའི་ལས་དབང་གི་བཟའ་ཚང་མི་ཉན་རུང་།ཚེ་གཅིག་ལུས་གཅིག་ལ་བྱིས་པ་ཞིག་གིཨ་ཕ་བྱེད་དགོས། མིན་ཚེ་ང་འདི་ནས་འཆི་ངེས་ཡིན།
མོས་བཤད་རྒྱུར། སུ་ལའང་ལེ་བདའ་བྱེད་ས་མི་འགྲོ་བས་འཆུག་ཀྱང་འགྲིག་རུང་ཁྱོད་ང་ཡོད་སར་ངེས་པར་དུ་ཐེངས་ཤིག་ལོག་དགོས། ཁོས་སྐད་ཆ་དེ་དག་གོ་བས་ཅི་ཞིག་ཡིན་པ་གཏན་ནས་མ་གོ་ནའང་། ང་ཡང་ད་དུང་རྫོང་མཁར་དུ་ཡོད་པས་རླངས་འཁོར་ས་ཚིགས་སུ་ཤོག་དང་དེ་ནས་མཇལ་ཆོག་ཅེས་བཤད། ཁོས་རླངས་འཁོར་ས་ཚིགས་ཀྱི་གློ་སྒོ་ནས་མེ་ཏོག་ལ་སྒུག་ནས་བསྡད། ཅུང་ཙམ་ནས་མོ་དབུགས་ཧལ་ཧལ་གྱིས་རྒྱུགས་ནས་ཐོན་བྱུང་། ཁྱོད་དངོས་གནས་འདི་རུ་ཡོད་དམ།ཞེས་ཟླ་གཅིག་གི་སྔོན་ལ་འཕྲད་་དུས་ཀྱི་མེ་ཏོག་དེ་ཡིན་པར་ཡང་ཐེ་ཚོམ་དུ་ལྷུང་དགོས་པའི་མོས་ཡར་མར་ཅི་ཡང་མི་བཤད་པར་ཁྱོད་དང་གཡང་མོ་སྐྱིད་གཉིས་ད་བར་ཅི་འདྲ་ཡིན་ཞེས་བཤད། རྒྱང་རིང་གི་གཡང་མོ་སྐྱིད་དང་ཁོ་གཉིས་དེ་ལྟར་ཆ་མེད་དུ་གྱུར་ནས་ཅུང་མ་འགོར་བའི་དེ་རིང་། མེ་ཏོག་གིས་ཁོ་ལ་དེའི་སྐོར་ནས་དྲིས་བྱུང་བ་ནི་དངོས་ནས་བཟོད་པར་དཀའ་བ་ཞིག་ཡིན་སོང་།དེ་ལས་ཀྱང་། མེ་ཏོག་གིས་ཁོ་དང་གཡང་མོ་སྐྱིད་གཉིས་ཀྱི་འབྲེལ་བ་དེ་ཅི་ལྟར་ཤེས་པ་ཡིན་ནམ། ཁོ་སྡུག་བསྔལ་དང་ཞེ་འཁྲས་་ཀྱི་སོ་བར་དུ་ལྷུང་བའི་བར་སྐབས་དེར་མེ་ཏོག་གིས་ཟླ་གཅིག་གི་སྔོན་ལ་ངེད་གཉིས་མི་རིགས་གླུ་ཁང་ནས་ཐུག་པའི་མཚན་མོ་དེར་ཁྱོས་བཟི་གཏམ་དང་མཉམ་དུ་ཁྱོད་གཉིས་ཀྱིབརྩེ་དུང་གི་མྱོང་བ་མཐའ་དག་ལྷུག་པོར་བརྗོད་ཐལ། མཚན་མོ་དེར་ང་ཡང་ངོ་མ་སེམས་འགུལ་ཐེབས་སོང་། ཁྱོས་གཡང་མོ་སྐྱིད་ལ་བཅངས་པའི་དྭངས་གཙང་གི་བརྩེ་བ་དེའི་གཏམ་རྒྱུད་རིང་མོས་ངའི་ཞེ་ཁོང་གི་དུང་བ་མ་ལུས་ཁྱོའི་སྟེང་ལ་ཤོར་དུ་བཅུག་སོང་།གལ་ཏེ། ང་གཡང་མོ་སྐྱིད་ཡིན་པའི་དབང་དུ་བཏང་ན་ངས་ཁྱོད་ཀྱི་ནང་སེམས་ཀྱི་རི་ལུང་དུ་འཐིབས་པའི་སྡུག་བསྔལ་གྱི་ན་བུན་དེ་ནམ་ཡང་དྭངས་བར་བྱས་ན་སྙམ་བྱུང་། དགོངས་པ་ཚོམས།དེ་བས། མཚན་མོ་དེར་་་་་་་་་་་་་་་་་་་་་་་ཞེས་མོས་སྐྱོ་ཉམས་དགུ་བརྩེགས་ཀྱི་སྣང་བ་ཞིག་གདོང་ལ་དྲུད་དེ་བཤད་བྱུང་། མཚན་མོ་དེར་་་་་་་་་་་་་་ད་ནི་ཁོས་ཀྱང་མེ་ཏོག་གི་མིག་མདངས་དེ་ལས་དོན་དག་མང་པོ་ཞིག་གོ་སོང་བ་འདྲ་བྱུང་ལ།མཚན་མོ་དེར་ཁོ་གཉིས་དེ་ལྟར་བདེ་བླག་ངང་བསྡད་མེད་པ་ཁོ་ཐག་ཡིན་པའི་དོགས་པ་དེ་ཡང་གཞི་ནས་སེལ་བྱུང་། ཁྱོད་དེ་རིང་ཡུལ་ལ་ལྡོག་གི་ཡོད་དམ།དེ་རིང་མ་སོང་བར་ང་ལ་འདུག་གྲོགས་ཤིག་བྱས་ན་ཅི་འདྲ་འདུག མོས་དེ་ལྟར་དོན་དག་གལ་ཆེན་ཅི་ཞིག་ཡོད་པ་དང་འདྲ་བར་ལབ་བྱུང་། གཡང་མོ་སྐྱིད་ཀྱིས་ཁོ་རང་རྒྱང་རིང་ལ་དོར་བ་དེས་ཁོའི་དབང་བོ་མ་ལུས་བཅོམ་བཅག་སྐྱ་ཉིལ་དུ་བཏང་ཞིང་། ན་ཟུག་གི་རྨ་ཁ་ནས་བརྡོལ་བའི་སྡུག་བསྔལ་གྱི་ཁྲག་ནག་དེ་ད་རུང་འཛག་གིན་འདུག་པས་ཁོས་མེ་ཏོག་ལའང་ཁ་ཡ་བྱེད་མ་འདོད“ང་ངེས་པར་དུ་དེ་རིང་ཕ་་ཡུལ་དུ་ལྡོག་དགོས”ཁོས་དེ་ལྟར་འདུག་ཁོམ་མེད་ཀྱང་ཁོའི་རྒྱུ་རྐྱེན་ལ་ཉན་འདོད་ཆེ་བའི་མེ་ཏོག་ལ་དེ་མ་གཏོགས་ཅི་ཡང་མ་བཤད མེ་ཏོག་གིས་ཀྱང་ཕལ་ ཆེར་ཁོ་དང་གཡང་མོ་སྐྱིད་གཉིས་ལ་དོན་དག་ཅིག་བྱུང་སོང་བ་རེད་སྙམ་ནས་མོའི་དོན་དག་ངོ་མ་ཐད་ཀར་ཁོར་མ་བཤད་པར་“དེ་ན་དེ་བྱ། སྔོན་ལ་ཁྱོད་ཡུལ་དུ་སོང་ཞིག སེམས་མི་སྐྱིད་པའི་དོན་དག་དེའི་རིགས་སེམས་ནས་མཐར་སྐྲོད་གཏོང་ཨེ་ཐུབ་ལ་འབུངས་ཤིག ཁྱོད་བདེ་ཐང་དུ་གྱུར་ན་ད་གཟོད་ངེད་ཅག་གིས་དལ་མོར་བཤད་ཆོག” ཅེས་པར་ཁོས་ཚིག་རྗེས་མ་དེའི་གཏིང་ཟབ་པའི་ནང་དོན་དེ་གོ་མ་ཐུབ། མེ་ཏོག་གིས་ཁོ་རང་སྐྱེལ་མ་བྱས་རྗེས། ཐོག་མར་ཁོའི་སེམས་སུ་དྲན་འོངས་པ་ནི་རྒྱང་རིང་གི་གཡང་མོ་སྐྱིད་ཀྱི་མཚར་ཞིང་སྡུག་པའི་ཡིད་འོང་གི་ཞལ་རས་དང་། གཙང་ཞིང་རིང་བའི་བརྩེ་དུང་གི་རླབས་རྒྱུན་གྱིས་བསྐྱལ་འོངས་པའི་མོའི་ཡོད་ཚད་ཡིན་སོང་།ཡིན་ཡང་། མོ་རང་ད་ལྟ་རི་ཚོགས་གང་ཞིག་གི་ཕ་རོལ་ན་སུ་ཞིག་དང་མཉམ་དུ་དགའ་ཞིང་དགོད་ཀྱིན་ཡོད་སྙམ་ན།ཁོའི་བྲང་ཁོག་ནས་ཚོར་འབུ་ཆེན་པོ་ཞིག་གིས་འཕག་འཚག་བྱས་ཏེ་ཁོའི་ཡ་ཆུང་གི་ཅི་ཞིག་ལྷོག་ལྷོག་ཏུ་སྒུལ་བྱུང་། ཁོས་རླངས་འཁོར་གྱི་དྲ་མིག་ཅིག་ལས་ཕྱི་ལ་བལྟས་པ་ན། མཐའ་བྲལ་བའི་རྩེ་གཞུང་རྩྭ་ཐང་གི་བག་ལྷོད་ཀྱི་གདགས་སྲིབ་དུ་ནོར་ལུག་གི་ཁྱུ་ཚོགས་ཀྱིས་འཛིན་མའི་ཁྱོན་ཡངས་དོག་པར་བྱས་ནས་འདུག་ཅིང་།མཚམས་དང་མཚམས་སུ། རྫི་བོ་རྫི་མོ་ཆ་བྱས་ནས་འཕྲུལ་རྟ་རེ་ལ་འཕོངས་བྱས་ཏེ་འགྲོ་ཡི་ཡོད་པའི་ངང་ཚུལ་དེས་ད་ལྟ་རྒྱང་རིང་གི་ཁོའི་གཡང་མོ་སྐྱིད་ཀྱང་དེ་ལྟར་གསར་རྗ་ཞིག་གིས་འཕྲུལ་རྟའི་འཕོངས་པར་ཁྱེར་ནས་འགྲོ་ཡི་ལོས་ཡོད་སྙམ་ནས་སེམས་ཁུར་གྱི་གཅོང་རོང་ཞིག་ཏུ་ལྷུང་སོང་།འབྲོག་རྩྭ་ཐང་ནི་ནམ་དུ་ཡང་ལྷོད་གཡེང་གི་གདན་ཁུད་དུ་ལྷོད་གཡེང་གིས་ཉལ་ནས་དམིགས་འདུན་མེད་པར་སྔུར་བ་འཐེན་སའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ནའང་།དེ་རིང་གི་སེམས་སྡུག་ཀློང་ན་འཚོ་བའི་ཁོའི་མིག་མདུན་ནས་དེ་ནི་རང་གི་རྣམ་ཤེས་ཀྱི་གྲིབ་གཟུགས་དུར་དུ་འཇུག་སའི་མྱ་ངམ་ཐང་ཆེན་པོ་ཞིག་ཡིན་པའི་སྣང་བ་ཤར་བྱུང་། མེ་ཏོག་གིས་ཁོ་རང་བཞུད་ནས་རྒྱང་རིང་གི་ནག་ཐིག་ཅིག་ཏུ་གྱུར་བའི་རྗེས་སུ་ད་གཟོད་རང་གི་ཕོ་བར་རེག་ཙམ་བྱས་ཤིང་།མིག་ཟུང་གི་མཐའ་ནས་འོད་ཀྲིག་ཀྲིག་གིས་འཛུམ་ཡོང་བའི་གཤེར་ཁུ་ཅི་ཞིག་ལོ་ཟླས་ནག་ཅིང་གྱོང་བོར་བསྒྱུར་བའི་མོའི་ལག་ཟུང་གིས་འབྱིད་ཙམ་བྱས་ཤིང་།རྩྭ་ཐང་གི་ལོ་ཟླའི་རྐུབ་འོག་ནས་རང་གིས་འཕྲུལ་སྣང་དང་བདེ་སྐྱིད་དུ་བསམ་མྱོང་བའི་རྨི་ལམ་ཀློང་གི་སྟག་ཤར་དེར་ཐུག་ནའང་། ཁོ་འདི་ལྟར་རྨི་ལམ་དང་དབྱར་གཞུང་གི་ན་རྗན་ལྟར་རང་་གི་མིག་མདུན་ནས་རྒྱང་ལ་ཡལ་འགྲོ་བ་ནི་དངོས་གནས་ལས་དབང་གི་སྒྱུ་འཕྲུལ་རྨད་དུ་བྱུང་བ་ཞིག་རེད་འདོད་བྱུང་། ཁོ་དེ་ལྟར་སྟོད་

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།