མཁའ་དབྱིངས་ཀྱི་མངའ་རིས་ན། རིག་གནས་ཀྱི་སྤྲོ་བས་ཁེངས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-09-28 09:21:31
ཀློག་གྲངས།:
སྤྱི་ལོ2025ལོའི་ཟླ9ཚེས26ཉིན་བོད་ལྗོངས་མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་སྒར་རྫོང་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དམིགས་ཡུལ་ནི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་ལ་བརྟེན་ནས་ལས་རིགས་དར་རྒྱས་བཏང་སྟེ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་མངའ་རིས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གྲོགས་མོ་དེ་བས་མང་བ་མངའ་རིས་སུ་བསྐྱོད་དེ་མཁའ་དབྱིངས་མངའ་རིས་ལ་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུ་དེ་རེད།

འགོ་ཚུགས་མཛད་སྒོའི་ཐོག་མངའ་རིས་ས་ཁུལ་གྱི་རྫོང་ཁག་གི་སྒྱུ་རྩལ་ཚོགས་པས་ཉམས་འགྱུར་གར་གྱིས་མཛེས་པའི་སྟངས་སྟབས་དང་། གྲེ་འགྱུར་དབྱངས་ཀྱི་སྙན་པའི་གླུ། ལྷང་ལྷང་རྣ་བར་སྙན་པའི་རོལ་དབྱངས་སོགས་སྟངས་སྟབས་རེ་རེ་དང་འགྱུར་ཁུག་རེ་རེ། དབྱངས་རྟ་རེ་རེ་ལས་མངའ་རིས་ས་ཁུལ་གྱི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ནང་དོན་དང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས། མི་ཆོས་རིག་གནས་སྣ་ཚོགས་བཅས་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།

སྤྱི་ཁྱབ་འཁྲབ་ཁྲིད་པ་ཚེ་བརྟན་ཟླ་བས། འཁྲབ་སྟོན་ཧྲིལ་པོར་ཞང་ཞུང་གི་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་པ་དང་དེང་རབས་ཀྱི་སྒྱུ་རྩལ་མཚོན་ཚུལ་མཉམ་འདྲེས་བྱས་པ་དེ་ཐོག་ནས་གནའ་བོའི་ཤེས་དཔལ་ལ་གོང་བཀུར་དང་རྒྱུན་འཛིན་བྱས་པ་མཚོན་ཡོད་ལ། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་དང་མཉམ་གནས་མཉམ་དར་གྱི་བརྗིད་ཆེའི་དགོངས་དོན་ཡང་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་སྤྱི་ཟླ9ཚེས30ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། དེའི་རིང་སྒར་འཆར་ཅན་རྟ་རྒྱུག་དང་། དམངས་ཁྲོད་ལུས་རྩལ་འགྲན་བསྡུར། མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་སྐབས་གཉིས་པ་སོགས་བྱེད་སྒོ་གཙོ་བོ7ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་གྱིས་ད་དུང་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་དང་། མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན། དངོས་ཟོག་སྤེལ་རེས་ཚོང་འདུས། སྐར་ཚོགས་པར་ལེན་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་པ་བྱ་རྒྱུ་རེད་འདུག

ད་ཆ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་དེ་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་འགྲེམས་སྟོན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།

2025ལོ་སྟེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་དུས་བཟང་འདིར་མངའ་རིས་ས་ཁུལ་གྱིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་གོ་སྐབས་སུ་བྱས་ནས། ཞང་ཞུང་རིག་གནས་ཀྱི་ཐོན་ཁུངས་རྩ་ཆེན་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། རིག་གནས+ཡུལ་སྐོར+དུས་ཆེན་གྱི་གསར་གཏོད་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བ། མཐོ་སྒང་ལྐོག་འགྱུར་གྱི་གནས། མཁའ་དབྱིངས་ཀྱི་མངའ་རིས་ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་མིང་གྲགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། དེ་བཞིན་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་བྱས་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། རིག་གནས་ཀྱི་བློ་སྤོབས་ཆེར་གཏོང་། འཛམ་གླིང་ལ་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་པར་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།