ངོས་དང་པོ > སྒྱུ་རྩལ། > བརྙན་གཟུགས་ཟློས་གར། > བོད་སྐད་གློག་བརྙན«བཀྲ་ཤིས»ལ་གསེར་བྱ་རྟགས་མའི་མིང་འདོན་གཉིས་ཐོབ།
བོད་སྐད་གློག་བརྙན«བཀྲ་ཤིས»ལ་གསེར་བྱ་རྟགས་མའི་མིང་འདོན་གཉིས་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-09-28 09:01:46
ཀློག་གྲངས།:
སྐབས38པའི་ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མའི་བྱ་དགའི་མིང་འདོན་གྱི་སྤྱི་བསྒྲགས་མིང་ཐོར་བཀོད་པ་ལྟར་ན། བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་མཛད་པ་དང་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འཁྲབ་གཞུང་བཅོས་སྒྲིག་དང་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན་གསར་པ«བཀྲ་ཤིས»ཞེས་པར་སྐབས་འདིའི་གསེར་བྱ་རྟགས་མའི་བྱ་དགའ་ལས་འཁྲབ་ཁྲིད་པའི་བརྩམས་ཆོས་ཡག་ཤོས་ཐོག་མ་དང་བྱིས་པའི་གློག་བརྙན་ཡག་ཤོས་ཀྱི་མིང་འདོན་ཐོབ་ཡོད།

བོད་སྐད་གློག་བརྙན་གསར་པ«བཀྲ་ཤིས»ནི་བོད་ཀྱི་རྩོམ་པ་པོ་ཁྲི་སེམས་དཔའི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»ཞེས་པ་གཉིས་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་ཡིན་ལ། འདིར་མི་སྣ་གཙོ་བོ་སྟེ་རྩོམ་པ་པོ་བཀྲ་ཤིས་ཀྱིས་ཆུང་བྱིས་པའི་དུས་སུ་རང་ཉིད་དང་མིང་གཅིག་མཚུངས་ཀྱི་ཁྱི་རྒན་ཞིག་ལ་བརྡུངས་ནས་དེ་མིག་ཞར་དུ་བཅུག་སྟབས་ལོ་མང་རིང་འགྱོད་པ་སྐྱེས། ཕྱིས་སུ་ཁོ་སླར་ཡང་ཕ་ཡུལ་དུ་ལོག་རྗེས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་པ་རེད།
འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསེར་བྱ་རྟགས་མའི་བྱ་དགའི་མིང་འདོན་ཐོབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། རྒྱལ་ནང་གི་སྐད་གྲགས་ཆེ་ཤོས་དང་རིན་ཐང་ཆེ་ཤོས་ཀྱི་གློག་བརྙན་དུས་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས། ཁས་ལེན་འདི་འདྲ་ཐོབ་པར་ངས་གཅེས་སྤྲས་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད།

འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།