༄༅།།བོད་ལྗོངས་ལྷ་སའི་འདམ་གཞུང་རྫོང་གིས་བོད་སྐད་ཡིག་ལེགས་པར་སྤྱོད་མཁན་ལ་གཟེངས་བསྟོད་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2019-12-25 15:46:51 ཀློག་གྲངས།:
བོད་ལྗོངས་ལྷ་སའི་འདམ་གཞུང་རྫོང་གིས་རྫོང་དེའི་ལས་བྱེད་པ་ཚོས་ཡོངས་ཁྱབ་ཏུ་བོད་རྒྱ་སྐད་རིགས་གཉིས་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་སྐུལ་ལྕག་དང་། བོད་སྐད་ཡིག་ཚད་གཞི་ཅན་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་ནན་མོ་བྱེད་ཆེད། ཟླ12པའི་ཚེས20ཉིན་བོད་སྐད་ཡིག་སྤྱི་ཚོགས་ཐོག་བེད་སྤྱོད་བྱས་ཚུལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་སྐོང་འཚོགས་བྱས།
རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཏའོ་ཧྲུན། 
རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁྲེན་པིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོགས་ཐོག་ཏུ་བོད་སྐད་ཡིག་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི་འགན་འཁུར་བས་རྫོང་ཡོངས་ཀྱི་བོད་སྐད་ཡིག་བེད་སྤྱོད་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་འབྲེལ་རྗེས་ཕྱོགས་བོད་སྐད་ཡིག་སྤྱི་ཚོགས་ཐོག་བེད་སྤྱོད་བྱེད་ཚུལ་ལ་དོ་དམ་བྱེད་པའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་དང་། དེ་རྗེས་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཏའོ་ཧྲུན་གྱིས《བོད་སྐད་ཡིག་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་སྦྱངས་བྱས་ཤིང་། གཟེངས་ཐོན་མཉམ་སྡེབ6དང་མི་སྒེར16ལ་གཟེངས་བསྟོད་བྱས་ཤིང་བྱ་དགའ་སྤྲད།
སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་ཚབ།
ཚོགས་ཐོག་ཏུ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་། མིག་དཔེ་སྔར་ལས་ལྷག་པ་བསྟན་ནས་མུ་མཐུད་དུ་སྤྱི་ཚོགས་ཐོག་སྤྱོད་པའི་བོད་སྐད་ཡིག་ཚད་ལྡན་གཏོང་བར་འབད་དགོས་པ་དང་། རྫོང་ཡོངས་ཀྱི་རིམ་པ་དང་སྡེ་ཚན་ཁག་གིས་ཀྱང་བོད་སྐད་ཡིག་གི་སློབ་གསོ་དང་སློབ་ཁྲིད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལས་བྱེད་པ་ཡོངས་ཀྱིས་སྐད་གཉིས་ཁྱབ་གདལ་དང་བེད་སྤྱོད་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དམིགས་ཡུལ་དུ་བཟུང་ནས་སྐད་ཡིག་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་སྐད་ཡིག་གི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 
སྔོན་ཐོན་མི་སྒེར་གྱི་འཐུས་ཚབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།