༄༅།།2019ལོར་དཀར་མཛེས་ནས་རྡོ་ཆས་རྙིང་པའི་དུས་ཀྱི་གནས24རྙེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2020-01-15 10:54:17 ཀློག་གྲངས།:
སྤྱི་ཟླ1པོའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་པའི2019ལོའི་སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ལས་དོན་སྙན་ཞུ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2019ལོར་སི་ཁྲོན་དཀར་མཛེས་ནས་རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་ས་གནས་24གསར་དུ་རྙེད་ཡོད་ཅིང་། དེས་ཁྲོན་ནུབ་མཐོ་སྒང་དུ་དུས་ཡུན་རིང་པོར་རྡོ་ཆས་རྙིང་པའི་དུས་ཀྱི་རྗེས་ཤུལ་ཁ་གསལ་མེད་པ་དེ་ཁ་བསྐངས་བྱས་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན། རྟོག་ཞིབ་དེ་ནི་ཁྲོན་ནུབ་མཐོ་སྒང་དུ་ཐེངས་དང་པོར་དུས་ཡུན་རིང་པོའི་མ་ལག་གི་རྡོ་ཆས་རྙིང་པའི་དུས་ཀྱི་གནའ་རྫས་ལ་ཆེད་དུ་རྟོག་ཞིབ་བྱས་པ་ཡིན་ཞིང་། དོན་སྙིང་གལ་ཆེན་ལྡན་ཡོད། རྟོག་ཞིབ་ལས་རྡོ་ཆས་རྙིང་པའི་དུས་ཀྱི་ས་གནས་གསར་དུ་རྙེད་པ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཞིང་། ཁྱབ་རྒྱ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ཡོད། རྡོ་སྙིང་དང་སྟ་རེ། རྡེའུ་རྫས་བཅས་ཁྱོན་100ལྷག་འཚོལ་བསྡུ་བྱས་ཡོད་པ་དང་། ཐེངས་འདིའི་གནའ་རྫས་རྟོག་ཞིབ་ལས་དོན་ཁྲོད་གསར་དུ་རྙེད་པའི་སྟ་རེ་ནི་མིག་སྔར་ས་རིམ་ཟིན་ཐོའི་ཁྲོད་རྒྱ་མཚོའི་ངོས་ལས་ཆེས་མཐོ་ས་ནས་རྙེད་པ་ཡིན་པས། ས་གནས་དེ་ག་དང་ཨེ་ཤ་ཡ་ཤར་མའི་སྟ་རེའི་འབྱུང་ཁུངས་དང་ཁྱབ་སྤེལ་བགྲོ་གླེང་ལ་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་ཅིང་། མཚོ་བོད་མཐོ་སྒང་ཡར་འབུར་བའི་གནས་ཚུལ་འོག་གནའ་བོའི་མིའི་རིགས་ཀྱི་གནས་སྤོས་དང་། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་རིམ་འགྱུར་བྱུང་ཚུལ་བཅས་ཤེས་རྟོགས་བྱེད་པ་ལའང་རིག་གཞུང་གི་དོན་སྙིང་དང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ཡོད། 
ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་སི་ཁྲོན་གནའ་རྫས་རྟོག་ཞིབ་པ་ཚོས་ཕྱིའི་རྟོག་ཞིབ་དང་ནང་གི་ཞིབ་འཇུག་ལས་དོན་མཉམ་དུ་སྤེལ་བ་དང་། ཁོང་ཚོ་ཁྲེན་ཏུའུ་བདེ་ཐང་དང་། ཁྲོན་ནུབ་བྱང་། ཁྲོན་ནུབ། ཁྲོན་ལྷོ་སོགས་མཐོ་སྒང་དུ་བསྐྱོད་པ་མ་ཟད། ད་དུང་ཡུན་ཀུའེ་མཐོ་སྒང་དང་། ལི་དབྱང་བདེ་ཐང་། དེ་བཞིན་དུ་ཧིན་རྡུ་རྒྱ་མཚོའི་གླིང་ཕྲན་བཅས་སུ་བསྐྱོད་ནས། རིན་ཐང་བྲལ་བའི་གནའ་རྫས་རྒྱུ་ཆ་བསྡུ་ལེན་བྱས་ནས། ཞིབ་འཇུག་ཚགས་དམ་པོ་བྱས་པ་རེད། 
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།