༄༅༎མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང(སྐོར་དང་པོ)ལེགས་འགྲུབ་དང་གཞི་གྲངས་ལྟེ་གནས་ཀྱི་ལས་སྒོ་ཕྱེས་པའི་མཛད་སྒོ་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-07 14:35:09 ཀློག་གྲངས།:
སྤྱི་ཟླ5བའི་ཚེས7ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང(སྐོར་དང་པོ)ལེགས་འགྲུབ་དང་གཞི་གྲངས་ལྟེ་གནས་ཀྱི་ལས་སྒོ་ཕྱེས་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དུ་བསྡུས། མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིན། ཞིང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་ཡུའུ་ཚུང་ལི། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ལི་མེན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟིའི་མཐོ་རིམ་སྤྱི་ཁྱབ་འགན་འཛིན་གཞོན་པ་ཏིང་ཐའེ་ཧྭ། ལུའུ་ཅི་ལྗང་ནུས་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལི་ཀྲེན་ཀུའོ། ཀྲུང་ནུས་མཉམ་འདྲེས་རིག་ལྡན་ཚན་རྩལ་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་ཝང་ཧའེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན། ཧྭ་ཝེ་ཀུང་ཟི་མཚོ་སྔོན་ཞིང་ཆེན་སྤྱིའི་འགན་འཛིན་པ་ཀྲང་ཞི་ཐའོ་བཅས་སྐུ་མགྲོན་གདན་ཞུ་བྱས། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཀྱང་ཐེངས་འདིའི་མཛད་སྒོར་ཞུགས། མཛད་སྒོར་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་མདོ་འཛིན་མཛད་པ་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཤིས་ཚིག་ཕུལ།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་མདོ་འཛིན་མཛད།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་བསྟན་དོན། ཆ་འཕྲིན་ལག་རྩལ་དང་གཞི་གྲངས་དཔལ་འབྱོར་ནི་དུས་རབས་གསར་བའི་འཕེལ་རྒྱས་རྣམ་པ་དང་འཚོ་བ་རོལ་སྟངས་ཤིག་ཏུ་གྱུར་ཡོད་ཅིང་། མིའི་རིགས་ཀྱི་ཆ་འཕྲིན་ཅན་དང་དེང་རབས་ཅན་འཕེལ་རིམ་ལ་སྐུལ་སྤེལ་བྱེད་པ་དང་། སུས་དུས་རབས་འདིའི་ལེགས་ཆ་དམ་འཛིན་བྱེད་ཐུབ་ན། སུས་འོད་སྟོང་ལྡན་པའི་མ་འོངས་བསུ་ནུས། 2016ལོ་ནས་བཟུང་། ཞིང་ཨུ་དང་ཞིང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག རང་སྐྱོང་ཁུལ་གྱི་ནུས་ཁུངས་གཙང་མ་གསར་བ་དེ་རང་སར་བསྡུ་ཉར་གཙང་སེལ་འཕོ་འགྱུར་མི་འདང་བའི་གནད་དོན་ནས་རྐང་ཚུགས་ཤིང་། ཧྭ་ཝེ་ཀུང་ཟིའི་ལག་རྩལ་རམ་འདེགས་ལ་བརྟེན་ནས་མཉམ་དུ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་འདི་འཛུགས་སྐྲུན་འཆར་འགོད་དང་སྐུལ་སྤེལ་གནང་བ་ཡིན་ལ། ད་སྔ་སྐོར་དང་པོའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད། 
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཤིས་ཚིག་ཕུལ།
འདི་ནི་མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོས་དཔལ་འབྱོར་སྣེ་ཁྲིད་དེ་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་སྤེལ་དང་། “ནུས་ཁུངས་གསར་བ+གཞི་གྲངས་ཆེན་མོའི”འཐབ་ཇུས་བསྟར་བའི་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད་ཅིག་ཡིན། གཙོ་ཆེར་གྲངས་འཛིན་ཁེ་ལས་སྔར་ལས་མང་པོ་བཟོ་ལས་འཕྲིན་སྦྲེལ་དྲ་བའི་ལག་རྩལ་འཕེལ་རྒྱས་ལ་ཟབ་ཞུགས་བྱས་ཏེ། ས་གནས་ཀྱི་ལྗང་མདོག་དཔལ་འབྱོར་གོང་འཕར་དང་ཐོན་ལས་རིམ་སྤར་ལ་སྣེ་ཁྲིད་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཆ་འཕྲིན་འཛད་སྤྱོད་ལྟེ་གནས་དང་རྒྱལ་ཡོངས་འཐབ་ཇུས་གནོད་གྲབས་ལྟེ་གནས་འཛུགས་སྐྲུན་བྱེད་པར་དགེ་མཚན་ཆེན་པོ་ལྡན།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ་ལི་ཆིང་མིང་གིས་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་ལས་གཞིའི་གནས་ཚུལ་སྙན་ཞུ་འབུལ་བ།
མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ནི་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་དུ་ཆགས་ཤིང་། ཐོན་ལས་གླིང་གི་འཆར་འགོད་རྒྱ་ཁྱོན་ནི་མུའུ1200ཡིན་ལ། གཞི་རྩའི་སྒྲིག་ཆས་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར21བཏང་། འདིར་ལྟེ་གནས་གཅིག་དང་ཁུལ་བཞི་ཡོད་ལ། ལྟེ་གནས་གཅིག་ནི་གཞི་གྲངས་ཆེན་མོའི་ལྟེ་གནས་ཐོན་ལས་ཁུལ་ཏེ།  གཞི་གྲངས་ཆེན་མོའི་ཞབས་ཞུ་དང་གསོག་ཉར་ཁུལ། གཞི་གྲངས་ཆེན་མོ་བཀོལ་སྤྱོད་དང་འགྲེམ་སྟོན་ཁུལ། རིག་ལྡན་གྲོང་ཁྱེར་བཀོལ་སྤྱོད་དང་ཞབས་ཞུ་ཁུལ་བཅས་འདུས་པ་དང་། ཁུལ་བཞི་ནི་གཞི་གྲངས་ཆེན་མོའི་ཐོན་ལས་གསར་སྐྲུན་ཁུལ་དང་། གཞི་གྲངས་ཆེན་མོའི་ཉོ་ཚོང་ཁུལ། མཐོ་རིམ་ལས་རིགས་སློབ་གསོའི་ཁུལ། ཕྱོགས་བསྡུས་ཞབས་ཞུ་ཁུལ་བཅས་ཡིན། ལོ6དང་སྐོར་གསུམ་དུ་འཛུགས་སྐྲུན་བྱེད་པ་ཡིན་ལ། 2023ལོར་ཡོངས་སུ་ལེགས་འགྲུབ་བྱུང་སྟེ་བཀོལ་སྤྱོད་བྱེད་འཆར་ཡོད། ལེགས་འགྲུབ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་ཞིང་སྟུག་ཚད་ཆེས་མཐོ་བའི་སྤྲིན་གཞི་གྲངས་ལྟེ་གནས་སུ་འགྱུར་ངེས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་སྟེགས་བུའི་འདེགས་སྐྱོར་མཁོ་འདོན་བྱེད་པ་ཡིན། 
ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཏིང་ཐའེ་ཧྭ་ཡིས་ཤིས་ཚིག་འབུལ་བ།
མིག་སྔར་ལེགས་འགྲུབ་བྱུང་བའི་སྐོར་དང་པོའི་བཟོ་བཀོད་ནི2019ལོ་ནས་མགོ་བརྩམས་ཤིང་འཆར་འགོད་གཞི་ཁྱོན་མུའུ80ཡིན་ལ། གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར2.8བཏང་། ཐོན་ལས་ནང་འདྲེན་བྱེད་པར་མ་དངུལ་སྒོར་དུང་ཕྱུར8བཏང་། གཙོ་ཆེར་སྨི་གྲུ་བཞི་མ5000ཅན་གྱི་ཧྭ་ཝེ་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། སྨི་གྲུ་བཞི་མ5000ཅན་གྱི་རིག་ལྡན་གྲོང་ཁྱེར་བྱེད་ལས་འགྲེམ་སྟོན་ཁང་། ནུས་ཁུངས་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པ་ཡིན། རིག་ལྡན་གྲོང་ཁྱེར་ནི་སྲིད་སྐྱོང་ལེགས་པོ་དང་དམངས་ཕན། ལས་དར་བཅས་རྣམ་པ་གསར་བའི་འཛུགས་སྐྲུན་ཁ་ཕྱོགས་གསུམ་ཡིན་ཏེ། མང་ཚོགས་རྣམས་བཟོ་ལས་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་དང་། རིག་གནས་ཡུལ་སྐོར་ཐོན་ལས+ཐོན་རྫས་ཟུར་སྣོན་རིན་ཐང་གི་རིག་ལྡན་ཡུལ་སྐོར་གྱིས་དེང་རབས་ཡུལ་སྐོར་ཐོན་ལས་གསར་བ་ཇེ་དྲག་ཏུ་གཏོང་བ་ཡིན། ཡུལ་སྐོར་མྱོང་ཚོར་ཁུལ་དུ་གློག་རྡུལ་མིག་ཤེལ་གྱོན་རྗེས་མིག་མཐོང་ལག་ཟིན་ལྟ་བུས་མཚོ་ལྷོ་ཁུལ་གྱི་ལྗོངས་རྣམ་ཉམས་སུ་མྱོང་ཐུབ། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི་བཙུགས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་སྒྱུར་གྱི་རྣམ་པས་མཐོ་གྲས་དྲ་རྒྱའི་ཉོ་ཚོང་ལམ་བུར་བརྒྱུད། སྲོལ་རྒྱུན་ཐོན་ལས་སྤུས་ལེགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཧྭ་ཝེ་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱིས་གཙོ་ཆེར་སྤྲིན་རྩིས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་ཡིན་ལ། ལྟེ་གནས་འདི་ནི་ཧྭ་ཝེ་ཀུང་ཟིའི་རྒྱལ་ཡོངས་སུ་བཀོད་འདོམས་བྱས་པའི་སྤྲིན་དུམ་ཨང33པ་སྟེ། ཧྭ་ཝེ་ཀུང་ཟིའི་རྒྱལ་ཡོངས་སྤྲིན་དུམ་དང་མཉམ་དུ་རྒྱལ་ཡོངས་སུ་ཁྱབ་པའི་མྱུར་བགྲོད་ཆ་འཕྲིན་དྲ་རྒྱ་ཞིག་ཡིན། གཞི་གྲངས་ཆེན་མོའི་ཁེ་ལས100དང་འབྲེལ་ཡོད་སྟོད་སྨད་རྒྱུད་ཀྱི་ཐོན་ལས་ནང་འདྲེན་བྱས་ཏེ། ཕན་ལྡན་སྒོས་ནུས་ཁུངས་གསར་བའི་ཐོན་ལས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། བསྟུད་མར་མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གསར་བའི་ཐོན་ལས་སྒྲིག་གཞི་ལེགས་སྒྱུར་དང་། ལྗང་མདོག་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་དང་སྤུས་ལེགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ཡིན།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ལི་མེན་གྱིས་གཏམ་བཤད་སྤེལ་བ།
མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་།
མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་ནི་རྒྱལ་ཡོངས་ཀྱི་ཐོག་མའི100%ནུས་ཁུངས་གཙང་མས་འཁོར་སྐྱོད་ཀྱི་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་མ་ཟད། ནུས་ཁུངས་གསར་བའི་བཟོ་ལས་རྒྱལ་ཁབ་རིམ་པའི་འཕྲིན་སྦྲེལ་དྲ་བའི་དཔེ་སྟོན་རྟེན་གཞི་འཛུགས་པར་བརྒྱུད། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། དངོས་སྦྲེལ་དྲ་བ། 5G། མིས་བཟོས་རིག་ནུས་སོགས་གསར་སྐྲུན་གྱི་རྐྱེན་གཙོ་བོ་དག་གཅིག་ཏུ་བསྡུས་ཏེ། རྒྱལ་ཡོངས་སུ་ལེགས་ཆ་སྔོན་འདོན་གྱི་ནུས་ཁུངས་གསར་བའི་བཟོ་ལས་འཕྲིན་སྦྲེལ་དྲ་བའི་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་གནང་རྒྱུ་དེ་ཡིན།
གྲངས་འཛིན་དཔལ་འབྱོར་གསར་དར་ཐོན་ལས་གླིང་།
ཡུལ་སྐོར་མྱོང་ཚོར་བྱེད་པ།
གྲོང་ཁྱེར་ཐོན་རྫས་གྲགས་ཅན་ཁྱབ་སྤེལ་ཁུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།