༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་བསྡུ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2020-07-17 13:18:52 ཀློག་གྲངས།:
སྤྱི་ཟླ7པའི་ཚེས15ཉིན། གསར་འགོད་པས་ཁུལ་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་པ་ལྟར་ན། 2020ལོའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་ཟླ8པའི་ཚེས2ནས་ཚེས6ཉིན་བར་རང་ཁུལ་གྱི་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་བསྡུ་རྒྱུ་ཡིན་ཞིང་། མཚོ་ལྷོ་ཚགས་པར་ཁང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་བཅས་ཀྱིས་འགན་སྒྲུབ་འོག་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་། གསར་འགྱུར་དྲ་ཚིགས་སོགས་ལས་ཁུངས50ལྷག་གི་ལས་མི100ཉེ་བ་ཚོགས་འདུའི་སྟེང་གདན་འདྲེན་ཞུས་ཡོད།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གྲོས་མགོ་བཏོན་ཞིང་། 1998ལོ་ནས་ཕལ་ཆེར་ལོ་རེར་ཐེངས་རེར་འཚོགས་ཀྱིན་ཡོད་ལ། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔས་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། ཚོགས་འདུའི་ནང་དོན་གཙོ་བོ་ནི་བོད་སྐད་ཡིག་གི་ཐ་སྙད་གསར་བ་གཅིག་གྱུར་དང་ཚད་ལྡན་ངང་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དེ་ཡིན་ལ། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་དང་། སྨྱན་སྦྱོར་གྱི་ཆེད་དོན་བཅར་འདྲི་རྩ་འཛུགས་བྱེད་པ། ལྗོངས་ཞིང་ལྔའི་བོད་ཡིག་སྨྱན་སྦྱོར་བར་གྱི་མཉམ་འབྲེལ་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་དང་། བོད་ཡིག་གཙོ་རྒྱུགས་སྨྱན་སྦྱོར་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ། ཏང་དང་རྒྱལ་ཁབ་ཀྱི་གཏམ་རྒྱུད་བརྒྱུད་སྒྲོག་ཧུར་ཐག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གང་ལེགས་བྱས་ཏེ། བོད་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད།
སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་བ་དང་མཐུན་པར་བྱས་ཏེ། བོད་ཡིག་སྨྱན་སྦྱོར་གྱི་སྣང་བརྙན་གསར་བ་དང་སྤྱོད་ཚུལ་གསར་བ་གང་ལེགས་མངོན་པར་བྱེད་པ་དང་བོད་ཡིག་སྨྱན་སྦྱོར་གྱི་མཐུན་སྦྱོར་ཚོགས་འདུའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། ད་ལོར་གཏན་འཁེལ་བྱས་པའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀུན་འདུས་སྨྱན་སྦྱོར་གྱི་སྒྲོག་སྤེལ་རྣམ་པ་བསྐྲུན་རྒྱུ་ཞེས་པ་དེ་ཡིན། ཚོགས་འདུའི་ནང་དོན་དུ་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་། ཡོངས་འཛིན་པར་གཞི་གསར་བའི་ཕྱོགས་བསྡུསAPPདང་། ཡོངས་འཛིན་གཏགས་ཐབས་ཡོངས་བསྒྲགས་ཚོགས་འདུ་སོགས་ཀྱི་ཆེད་དོན་བྱེད་སྒོ་ཁ་སྣོན་བྱས་ཡོད་པ་དང་། དུས་མཚུངས་སུ་བོད་ཁུལ་སྨྱན་སྦྱོར་གྱིས་མཚོ་ལྷོ་ལ་ལྟ་བ་ཞེས་པའི་གཞི་རྒྱ་ཆེ་བའི་བཅར་འདྲིའི་བྱེད་སྒོ་རྩ་འཛུགས་བྱས་ནས་གོམ་གང་མདུན་སྤོས་ཀྱིས་སྨྱན་སྦྱོར་གྱི་ནུས་པ་བཞི་ལག་བསྟར་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་སྐུལ་འདེད་བྱ་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བྱ་གཞག་ཡོངས་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།
ལྷག་པར་དུ་གཞི་གྲངས་ཆེན་མོ+ནུས་རྒྱུ་གཙང་མ་དང་གཞི་གྲངས་ཆེན་མོ+ཡོངས་འཛིན་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ཐོན་ལས་དེ་རང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་བསྒྱུར་ནས། བོད་ཀྱི་སྐད་ཡིག་ཆ་འཕྲིན་ཅན་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་འདུག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།