ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་གེ་སར་ཚོང་ལས་ལམ་ཆེན་གྱི་སྒོ་བྱང་དང་ལམ་བྱང་སོགས་ལ་དག་ཐེར་ལེགས་བཅོས་བྱས།
༄༅། །བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གིས་གེ་སར་ཚོང་ལས་ལམ་ཆེན་གྱི་སྒོ་བྱང་དང་ལམ་བྱང་སོགས་ལ་དག་ཐེར་ལེགས་བཅོས་བྱས།
རྩོམ་པ་པོ།:བྲག་དཀར་རྫོང་མི་རིགས་སྐད་ཡིག་བ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-08-18 09:25:23
ཀློག་གྲངས།:
སྤྱི་ཟླ་7པའི་ཚེས་6ཉིན་བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་གེ་སར་ཚོང་ལས་ལམ་ཆེན་གྱི་མཚན་མོའི་ཐང་བརྡལ་ཚོང་ལས་ཀྱི་ཁོར་ཡུག་གི་རྣམ་པ་ལེགས་བཅོས་དང་། གེ་སར་ཚོང་ལས་ལམ་ཆེན་གྱི་ཤར་ལྷོ་ནུབ་བྱང་གི་སྲང་ཤར་རེ་རེའི་ཚོང་ཁང་གི་སྒོ་བྱང་དང་ལམ་བྱང་། དྲིལ་སྒྲོག་བྱང་བུ་སོགས་ཀྱི་སྟེང་དུ་སྐད་གཉིས་ཤན་སྦྱར་བྱས་མེད་པ་དང་ཡིག་ནོར་ཡོད་པ། ཡི་གེ་གྲ་དག་མིན་པའམ་གོ་རིམ་འཆོལ་བ། སྒོ་བྱང་སྟེང་དུ་ཡི་གེ་མེད་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་བསྒྱུར་བཅོས་བྱས་ཏེ་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་།
དེ་ལྟར་ཁྱོན་སྡོམ་སྒོ་བྱང་དང་ལམ་བྱང་113ལ་ཞུ་དག་དང་ལྟ་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད་དག་བཅོས་བྱེད་དགོས་པའི་སྒོ་བྱང་16ཡོད། དག་བཅོས་བྱེད་དགོས་པའི་སྒོ་བྱང་ དག་ནི་སྤྱི་ཟླ་7པའི་ཚེས་6ནས་ཟླ་7པའི་ཚེས་12ཉིན་གྱི་ནང་ཁུལ་དུ་ངེས་པར་དུ་དག་བཅོས་བྱེད་དགོས་པའི་བརྡ་སྦྱོར་ཡི་གེར་མིང་རྟགས་བཀོད་པ་མ་ཟད། རྒྱ་བོད་སྐད་གཉིས་ཤན་སྦྱར་གྱིས་ལོ་ཙཱ་བྱས་ཏེ་ཚོང་ཁང་རེ་རེ་ལག་དུ་འཕྲོད་པར་བྱས་ཡོད།


ཡི་གེའི་གོ་རིམ་འཆོལ་བ་དང་ཆད་ལྷག་ཤོར་ཡོད་པའི་སྒོ་བྱང་།



སྐད་ཡིག་མེད་པའི་སྒོ་བྱང་། 
སྐད་གཉིས་གང་ཡང་མེད་པའི་སྒོ་བྱང་།

ཡིག་ནོར་ཅན་གྱི་སྒོ་བྱང་།
དེ་ལྟར་ཁྱོན་སྡོམ་སྒོ་བྱང་དང་ལམ་བྱང་113ལ་ཞུ་དག་དང་ལྟ་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད་དག་བཅོས་བྱེད་དགོས་པའི་སྒོ་བྱང་16ཡོད། དག་བཅོས་བྱེད་དགོས་པའི་སྒོ་བྱང་ དག་ནི་སྤྱི་ཟླ་7པའི་ཚེས་6ནས་ཟླ་7པའི་ཚེས་12ཉིན་གྱི་ནང་ཁུལ་དུ་ངེས་པར་དུ་དག་བཅོས་བྱེད་དགོས་པའི་བརྡ་སྦྱོར་ཡི་གེར་མིང་རྟགས་བཀོད་པ་མ་ཟད། རྒྱ་བོད་སྐད་གཉིས་ཤན་སྦྱར་གྱིས་ལོ་ཙཱ་བྱས་ཏེ་ཚོང་ཁང་རེ་རེ་ལག་དུ་འཕྲོད་པར་བྱས་ཡོད།












འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།