༄༅།།གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་གནང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ།  དུས་ཚོད།:2020-09-18 09:20:54 ཀློག་གྲངས།:
དྭངས་ར་གཡུ་མཚོའི་མཛེས་ལྗོངས།
ཁང་པའི་གྱང་ངོས།
ཆོས་དཔེ།
གནའ་བོའི་ཞང་ཞུང་རྒྱལ་ཁབ་ནི་མཚོ་བོད་མཐོ་སྒང་དུ་དུས་སྐབས་ཤིག་རིང་སྐད་གྲགས་ཆོད་ཡོད། ད་ལྟར་གྲགས་ཆེ་བའི་རྟ་སྒོ་གངས་རི་དང་། “བླ་མཚོ”དྭངས་ར་གཡུ་མཚོ་མཉམ་དུ་གནས་པའི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་རྗེས་ཤུལ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཁོངས་སུ་གནས་ཤིང་། དེར་སྔར་བཞིན་གྱང་རོ་སོགས་བགྲང་གིས་མི་ལང་བའི་རྗེས་ཤུལ་མཐོང་རྒྱུ་ཡོད།
2001ལོའི་དབྱར་གཞུང་དུ། ཞོགས་པའི་ཆར་ཟིམ་ཁྲོད། ང་ཚོ་ཉི་མ་རྫོང་ནས་རླངས་འཁོར་བཏང་སྟེ་ཅུང་ཙམ་ཕྱིན་རྗེས་རི་ལ་འཛེགས་མགོ་བརྩམས།
རླངས་འཁོར་ཀྱག་ཀྱོག་གི་རི་ལམ་ཐོག་སྤྱི་ལེ100ཙམ་བསྐྱོད་ཅིང་ཉག་ག་མཐོན་པོ་ཞིག་བརྒྱུད་རྗེས། མིག་ལམ་དུ་འཆར་ཡོང་བ་ནི་གངས་རི་དང་རྩྭ་ཐང་། མཚོ་མོ། ཞིང་ཁ། གྲོང་ཚོ་ཡིན་པས། མཛེས་ལྗོངས་ཁྱད་དུ་འཕགས་པ་ཞིག་འདུག
ས་ཆ་འདི་ནི་མིང་བརྗེས་ཟིན་པའི་འོམ་བུ་ཤང་གྲོང་ཚོ་བྱང་མ་སྟེ། ཤང་སྲིད་གཞུང་ཆགས་སའི་ས་ཆ་རེད། དེ་སྔོན་ས་ཆ་འདི་ལ་འོམ་བུ་ལས་དོན་ཁྲུའུ་འོམ་བུ་ཆུས་དྭངས་ཆུང་ཤང་ཟེར་བ་རེད། གྲོང་ཚོ་དེ་ལ་མཚོ་ཞིག་ཡོད་པའི་མིང་ལ་དྭངས་ཆུང་མཚོ་ཟེར་བ་དང་། གྲོང་ཚོའི་དེའི་རི་རྐེད་དུ་དགོན་པ་ཞིག་ཡོད་པ་དེ་ལ་དྭངས་ཆུང་དགོན་པ་ཟེར་ཞིང་། རི་མགོ་ནས་ད་དུང་རིགས་མི་འདྲ་བའི་རྩི་ཤིང་གི་འགྱུར་རྡོ་དང་གནའ་བོའི་ཞང་ཞུང་མི་འཚོ་སྡོད་བྱས་མྱོང་བའི་བྲག་ཕུག་མང་པོ་རྙེད་མྱོང་བ་རེད།
བྱང་གི་གྲོང་ཚོའི་དྭངས་ཆུང་མཚོ་འགྲམ་ནས་ལྷོ་ཕྱོགས་སུ་བར་ཐག་སྤྱི་ལེ་30ལྷག་གི་མཚམས་ན་མཛེས་སྡུག་ལྡན་པའི་“བླ་མཚོ”དྭངས་ར་གཡུ་མཚོ་འདུག དྭངས་ར་གཡུ་མཚོའི་བྱང་ངོས་ནི་དེ་སྔོན་མཚོ་གཉིས་ལས་དོན་ཁྲུའུ་འོམ་བུ་ཆུས་འོམ་བུ་ཤང་ཡིན་པ་དང་། དེ་སྔོན་འོམ་བུ་ཆུས་ཀྱི་ལྟེ་གནས་ཡིན་ཞིང་། ད་ལྟར་མིང་བརྗེས་ནས་འོམ་བུ་ཤང་ལྷོའི་གྲོང་ཚོར་བཏགས་འདུག
མཚོ་མོའི་ཁ་གཏད་ནི་མཛེས་སྡུག་ལྡན་པའི་རྟ་སྒོ་གངས་རི་རེད། རྟ་སྒོ་གངས་རི་དང་དྭངས་ར་གཡུ་མཚོ་ནི་བོན་པོའི་སེམས་ཁོངས་ཀྱི་བླ་རི་དང་བླ་མཚོ་ཡིན་ཞིང་། གནའ་ནས་སྙན་པའི་གྲགས་པ་རྒྱས་པ་ཞིག་རེད།
ཐང་རྒོད་བྱང་ཐང་དུ། དྭངས་ར་གཡུ་མཚོ་ལ་“འབྲི་ཆུའི་ལྷོ་རྒྱུད་ ”ལྟ་བུའི་ཐུན་མིན་གྱི་ནམ་ཟླའི་ཁྱད་ཆོས་འདུགའདི་ནི་བྱང་ཐང་ཡོངས་སུ་ས་ཞིང་འདེབས་ཆོག་པའི་ས་ཆ་གཅིག་པུ་དེ་ཡིན་ཞིང་། སྤུས་ལེགས་པའི་ཁེ་ཧྲི་མིར་རའི་ཁུ་ལུ་འབེལ་པོ་ཐོན་བཞིན་ཡོད།
གནའ་བོའི་ཞང་ཞུང་རྒྱལ་ཁབ་ནི་བཤད་སྲོལ་ལྟར་ན་གནས་འདི་རུ་བཙུགས་འདུག  ཕྱིས་སུ་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ཅིའི་ཕྱིར་ཉམས་སོང་བའི་ཐད་ལ་མཁས་པ་ཚོར་བཤད་ཚུལ་འདྲ་མིན་ཡོད།
འོམ་བུ་ཤང་ལྷོའི་གྲོང་ཚོ་ནས་བར་ཐག་སྤྱི་ལེ་20ལྷག་མཚམས་ཀྱི་ཁྱུང་རྫོང་ནི་མཐོ་ཚད་ལ་སྨི་བཅུ་ཕྲག་ཡོད་པའི་རྡོ་རི་ཞིག་རེད། འདི་ནི་ངག་རྒྱུན་དུ་བཤད་པའི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་ཤུལ་དང་། བོད་རིགས་མང་ཚོགས་མང་པོའི་སེམས་ཁོངས་ཀྱི་གནས་མཆོག་རེད།
ལམ་འགྲམ་བྲག་རིའི་སྟེང་ཚོན་མདོག་དཀར་པོའི“卍”ལྡོག་ཕྱོགས་ལ་འཁོར་ནས་བྲིས་འདུག
ཁྱུང་རྫོང་ཉེ་འཁོར་གྱི་དྭངས་ར་གཡུ་མཚོ་ནི་བོན་པོས་བརྩི་མཐོང་ཆེན་པོ་བྱེད་པའི་བླ་མཚོ་རེད། མཚོ་འགྲམ་གྱི་གཡང་གཟར་བྲག་ཕུག་ཏུ་བཞེངས་པའི་དགོན་པ་ཞིག་ད་ལྟའང་གནས་ཡོད་པ་བོན་པོའི་བསྟན་པ་རབ་ཏུ་རྒྱས་པའི་དགོན་རྙིང་གཡུ་བུན་དགོན་རེད།
ང་ཚོས་ཐེངས་འདིའི་ཚན་རིག་རྟོག་ཞིབ་ལས་ཤེས་རྟོགས་བྱུང་གསལ། འོམ་བུ་ཤང་ནི་གནའ་སྔ་མོའི་དུས་སྐབས་སུ་ཞང་ཞུང་གི་ཤེས་རིག་དར་བའི་ས་གནས་ཀྱི་གྲས་ཤིག་ཡིན་ཞིང་། འདི་གར་གནམ་གཤིས་དྲོ་པོ་ཡོད་པས་མིའི་རིགས་འཚོ་སྡོད་བྱེད་པར་འཚམ་པ་དང་ས་ཞིང་འདེབས་ཐུབ། ལྷག་པར་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཀྱི་གདོད་མའི་ཆོས་ལུགས་བོན་པོའི་དགོན་པ་འདུག་ལ། རྟ་སྒོ་གངས་རི་དང་དྭངས་ར་གཡུ་མཚོ་གཉིས་ནི་བོན་ཆོས་ཀྱི་སྲུང་མ་ཡིན་པ་དང་། དེར་ཡོད་པའི་བྲག་བརྐོས་རི་མོའི་ནང་དོན་ཕལ་ཆེར་བོན་ཆོས་དང་འབྲེལ་བ་ཡོད།
གཞན་ཡང་། ང་ཚོས་ད་དུང་གནའ་བོའི་ཞང་ཞུང་གི་ཡི་གེ་རྙེད་ཡོད་པ་དང་། བཙན་པོའི་དུས་སྐབས་ཀྱི་བཙན་པོའི་མིང་དང་ཞང་ཞུང་སྐད་བར་འབྲེལ་བ་ཡོད་པ་གསལ་རྟོགས་བྱུང་།
དུས་མཚུངས་སུ། ད་དུང་འོམ་བུ་ཤང་དུ་དར་བའི་“སྐོར་བྲོ”ཡི་གླུ་ཚིག་ནི་གནའ་བོའི་ཞང་ཞུང་གི་ལོ་རྒྱུས་དང་ས་གནས་དེ་གའི་ས་ཁམས་དང་འབྲེལ་བ་ཡོད་པ་གསལ་རྟོགས་བྱུང་ཡོད། ཞང་ཞུང་ཤེས་དཔལ་སྔ་མོ་ནས་མེད་པ་ཆགས་མོད། ཡིན་ནའང་། འོམ་བུ་ཤང་གི་དམངས་ཁྲོད་ཀྱི་གླུ་དང་ཞབས་བྲོའི་ནང་། མཚར་སྡུག་ལྡན་པའི་སྐབས་དེའི་ལོ་རྒྱུས་ཀྱི་རྗེས་ཤུལ་རྙེད་རྒྱུ་འདུག
དྭངས་ར་གཡུ་མཚོའི་ཕྱོགས་བཞིར་རི་བོ་མཐོན་པོས་ལྕགས་རི་བསྐོར་བ་འདྲ་ཞིག་དང་། རི་འགའ་རེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་6000བརྒལ་ཡོད་ཅིང་། རི་རྩེར་ལོ་ཧྲིལ་བོར་ཁ་བ་ཆགས་ནས་ཡོད། གནས་འདིའི་རི་བོ་མང་ཤོས་ནི་ཤར་ནས་ནུབ་ཏུ་ཁ་ཕྱོགས་ཡོད་པ་དང་། དྭངས་ར་གཡུ་མཚོའི་ཉེ་འཁོར་གྱི་རི་བོ་ནི་མངོན་གསལ་གྱིས་ལྷོ་བྱང་ཕྱོགས་སུ་ཕྱོགས་འདུག ས་ཆ་འགའ་རེའི་ངོས་འཇམ་པའི་བྲག་ལྡེབས་ཀྱི་མཐོ་ཚད་ལ་སྨི་ཉིས་བརྒྱ་སུམ་བརྒྱ་འདུག ཤར་ངོགས་ཀྱི་རི་བོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6300ཉེ་བ་ཙམ་ཡོད།
བོད་བྱང་ཐང་ནུབ་རྒྱུད་ཀྱི་འོམ་བུ་ཤང་གི་རྟོག་ཞིབ་ནི་བྲེལ་བྲེལ་འཚུབ་འཚུབ་ཅིག་ཡིན་མོད། གནས་འདིའི་མི་དང་མཛེས་ལྗོངས་ཡི་གར་འོང་ཞིང་། གནས་འདིའི་གནའ་བོའི་ཞང་ཞུང་རིག་གནས་དང་། གནའ་ཉམས་ཀྱིས་ཕྱུག་ཅིང་བབ་ཆགས་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ང་རང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།