༄༅།།《ལྗོན་དབང》དུས་དེབ་ཀྱི་རྩོམ་བསྡུའི་གསལ་བརྡ།

རྩོམ་པ་པོ།: པདྨ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-15 15:00:14 ཀློག་གྲངས།:

རྩོམ་བསྡུའི་གསལ་བརྡ།

རྒྱ་ཆེའི་རྩོམ་མཁན་རྣམ་པར་ཆེད་ཞུ།
      ཁྲི་ཀའི་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱེད་བཞིན་པའི་དུས་དེབ《ལྗོན་དབང》ནི་སྤྱི་ལོ2015ལོར་གསར་དུ་བཏོན་པའི་ས་གནས་རྩོམ་རིག་དང་རིག་གནས་རྒྱུན་འཛིན་གྱི་སྣ་འཛོམས་དུས་དེབ་ཅིག་ཡིན།
      འདིར་ས་གནས་རྩོམ་རིག་འཕེལ་རྒྱས་དང་།  རིག་གནས་ལོ་རྒྱུས་སྔོག་འདོན།  འཚོལ་སྡུད།  དག་སྒྲིག་བཅས་ཀྱི་འགན་འཁྲི་དང་དུ་བླངས་ཏེ།  དུས་དེབ་ལྗོན་དབང་གི་ལེ་ཚན་འཐུས་ཚང་སྣ་འཛོམས་སུ་གཏོང་ཆེད་སྒྲུང་གཏམ་དང་།  སྙན་ངག  ལྷུག་རྩོམ་། ཁྲི་ཀའི་དམངས་ཁྲོད་རིག་གནས།  སློབ་མའི་རྩོམ་ཡིག  ཡིག་གཟུགས།  ལོ་རྒྱུས་དཔྱད་རྩོམ་སོགས་འགོད་རྒྱུ་ཡིན་པས། རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ཀྱིས་འདིའི་ཐད་ཀྱི་ལྗགས་རྩོམ་ཕངས་མེད་དུ་སྩོལ་རོགས་ཞུ།
      རྩོམ་ཡིག་བསྐུར་སྐབས་ཀྱི་དོ་སྣང་བྱ་དགོས་པ་འགའ་ནི་གཤམ་ལྟར།
      ༡ རྩོམ་ཡིག་བསྐུར་སྐབས་རྩོམ་པ་པོའི་དངོས་མིང་དང་། རྩོམ་བྱང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།  ཁ་པར་ཨང་གྲངས།  སྡོད་གནས།  རང་གི་མིང་སྟེང་ནས་བསྒྲུབས་པའི་དངུལ་བྱང་དང་དངུལ་བྱང་དེ་དངུལ་ཁང་གང་ནས་བསྒྲུབས་པ་སོགས་རྒྱ་བོད་ཤན་སྦྱར་གྱིས་བྲིས་ཏེ་བསྐུར་རོགས།
      ༢ དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། དཔྱད་གཞིའི་རྒྱུ་ཆ་སོགས་ཚད་ལྡན་དུ་བྱས་ནས་བསྐུར་རྒྱུ་གལ།
      ༣ གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་བསྐྱར་ཟློས་སོགས་པར་དབང་དང་འགལ་བའི་གནས་ཚུལ་བྱུང་ཚེ་རྩོམ་མཁན་གྱིས་འགན་འཁུར་དགོས།
      འབྲེལ་གཏུགས་བྱེད་ཡུལ་ནི།
      མཚོ་སྔོན་ཁྲི་ཀ་རྫོང་བོད་སྐད་ཡིག་གཞུང་ལས་ཁང་གི《ལྗོན་དབང》རྩོམ་སྒྲིག་ཁང་།
      འབྲེལ་གཏུག་མི་སྣ་ནི། པདྨ་ཚེ་རིང་།
      ཡིག་སྒམ་ནི།634218612@qq.com
      ཁ་པར།15111769769
༢༠༢༡ལོའི་ཟླ ༤ ལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།