༄༅།།མཚོ་ལྷོ་ཁུལ་གྱི་ཞབས་བྲོ་འདི་གཉིས་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་བརྙན་འཕྲིན་ཁང་། དུས་ཚོད།:2021-05-19 09:13:42 ཀློག་གྲངས།:
      ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ལྷག་བསམ་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཆེད། ཟླ5བའི་ཚེས10ནས14ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་གསར་རྩོམ་ཞབས་བྲོའི་འགྲན་སྡུར་ཆེན་མོ་དེ་གནའ་མཁར་ཟི་ལིང་དུ་བསྡུས། ཁུལ་སོ་སོའི་གླུ་གར་ཚོགས་པས་ཛ་དྲག་གི་ཞབས་བྲོའི་འགྲན་སྡུར་ཆེན་མོ་བྱས་པ་དང་དཔྱད་འདེམ་པ་སོ་སོའི་འདྲ་མཉམ་དྲང་བཞག་གི་གདེང་འཇོག་བྱས་པ་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་གསར་རྩོམ་ཞབས་བྲོ《སློག་པ》དང《དར་སྐུད་ལ་བརྒྱུས་པའི་བརྩེ་སེམས》གཉིས་ལ་རིམ་བཞིན་བྱ་དགའ་ཨང་དང་པོ་དང་གསུམ་པ་བཅས་ཐོབ་ཏེ་གཡུར་ཟའི་འབྲས་བུ་བླངས་པ་རེད། 
ཞབས་བྲོ《སློག་པ》།
བྱ་དགའ་ཨང་དང་པོ།
ཞབས་བྲོ《དར་སྐུད་ལ་བརྒྱུས་པའི་བརྩེ་སེམས》།
བྱ་དགའ་ཨང་གསུམ་པ།
      ཞབས་བྲོ་འདི་གཉིས་ནི་དུས་ཡུན་རིང་བའི་འཁྲབ་སྦྱོང་དང་སྒྲིག་ཁྲིད་པའི་སྒྱུ་རྩལ་གྱི་བློས་བསླང་ཆེན་པོ་་བྱས་ཡོད་པ་དང་། བྲོ་བ་རྣམས་ཀྱི་གཉིས་བཅག་ཟས་བརྗེད་ལ་བརྟེན་ནས་ད་གཟོད་ལེགས་འགྲུབ་བྱུང་བ་ཞིག་རེད། ཞབས་བྲོ་འདི་གཉིས་ཀྱིས་ས་གནས་རིག་གནས་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་མཚོན་པ་མ་ཟད། ལྷག་པར་དུ་ཞབས་བྲོ《སློག་པ》ཡིས་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བར་བརྒལ་གྱི་དུས་རིམ་གསལ་བོ་མཚོན་པ་མ་ཟད། མུན་ནག་དང་གཉའ་གཉོན་གྱི་ཞིང་བྲན་ལམ་ལུགས་ལས་ཐར་ནས་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བའི་སྣང་བརྙན་གསར་བ་ཞིག་ཀྱང་བཞེངས་སྐྲུན་བྱས་ཡོད། 
འཁྲབ་སྟོན་ཡོངས་ཀྱི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།