མཚོ་སྔོན་གཏེར་ལམ་ཆུ་ཁོལ་བང་སོའི་རིག་དངོས་འགྲེམས་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-10-11 10:28:21
ཀློག་གྲངས།:
ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་རྫས་ཁང་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི“མཚོ་སྔོན་གཏེར་ལམ་ཆུ་ཁོལ་བང་སོའི་ཚོགས་ཀྱི་རིག་དངོས་སྤུས་ལེགས་འགྲེམས་སྟོན”ཉིན་ཤས་གོང་ཀྲུང་གོ་གནའ་རྫས་རྟོག་ཞིབ་རྟེན་རྫས་ཁང་དུ་སྤེལ།

“མཚོ་སྔོན་གཏེར་ལམ་གྱི་ཆུ་ཁོལ་བང་སོའི་ཚོགས་ཀྱི་རིག་དངོས་སྤུས་ལེགས་འགྲེམས་སྟོན”ནང་འགྲེམས་སྟོན་བྱས་པའི་གསེར་གྱི་བུམ་པ།
ཆུ་ཁོལ་བང་སོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཆུ་ཁོལ་ཤང་གི་ཁོངས་སུ་གནས་པ་དང་། དུས་རབས6པ་ནས8པའི་བར་གྱི་བང་སོའི་ཚོགས་གལ་ཆེན་ཞིག་ཡིན་པ་དང་། གནའ་ཤུལ་ནས་དར་སྐུད་ཀྱི་འཁེག་འཐག་རྫས་དང་གསེར་དངུལ་གྱི་ཡོ་བྱད་སོགས་རིག་དངོས་ཐོན་པས། ས་ཆ་དེ་ནི་དར་གོས་ལམ་བུའི“མཚོ་སྔོན་ལམ”གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཐེངས་འདིའི་འགྲེམས་སྟོན་གྱིས་ཤུལ་བཞག་དངོས་རྫས་བརྒྱུད་དེ་མཚོ་བོད་ས་མཐོའི་གསོན་ཉམས་ལྡན་པའི་སྤྱི་ཚོགས་ལོ་རྒྱུས་ཀྱི་རྣམ་པ་དང་། “མཚོ་སྔོན་གྱི་ལམ་བུའི”ཐོག་གི“དར་གོས་ལམ་བུའི”རྗེས་ཤུལ་མངོན་ཡོད།
དབོན་འ་ཞ་རྗེའི་བང་སོ(2018ལོའི་ཤེའུ་ཨང་དང་པོའི་བང་སོ)ནི་ཆུ་ཁོལ་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བའི་གྲུབ་ཆ་ཆ་ཚང་ཤོས་དང་མ་ལག་རྙོག་འཛིང་ཆེ་ཤོས་ཀྱི་རིམ་པ་མཐོན་པོ་ཅན་གྱི་བང་སོ་ཞིག་ཡིན་པ་དང་། བང་སོ་ལས་གསེར་དངུལ་ཡོ་བྱད་དང་། ལྕགས་ཆས། ཀོ་བ། འཁལ་འཐག་ཐོན་རྫས་སོགས་རིག་དངོས་སྣ་ཚོགས1000ཙམ་ཐོན་ཡོད། དེའི་ནང་ནས་དངུལ་གྱི་ཐམ་ག་གྲུ་བཞི་ཞིག་རྙེད་པ་དང་། དེའི་ངོས་ནི་རྔ་མོང་དང་གནའ་བོའི་བོད་ཡིག་ལས་གྲུབ་པ་དང་། དེའི་ཐོག་བརྐོས་པའི་བོད་ཡིག་གི་ནང་དོན་ནི“འ་ཞ་རྒྱལ་པོའི་ཐམ་ཀ”ཡིན་པ་དང་། དེ་ནི་ཐང་རྒྱལ་རབས་ཀྱི(ཐུ་བྷོད་དུས་སྐབས)ཐུའུ་ལུ་ཧུན་དང་ཐུ་བྷོད་བར་གྱི་ཆབ་སྲིད་གཉེན་སྒྲིག་མཚོན་པའི་དངོས་དཔང་གལ་ཆེན་ཞིག་ཡིན།

“མཚོ་སྔོན་གཏེར་ལམ་གྱི་ཆུ་ཁོལ་བང་སོའི་ཚོགས་པའི་རིག་དངོས་སྤུས་ལེགས་འགྲེམས་སྟོན”ནང་འགྲེམས་སྟོན་བྱས་པའི་དངུལ་བྱང་ཁྱུང་རིས་ཅན་གྱི་རི་མོ།
ད་ཐེངས་ཀྱི་འགྲེམས་སྟོན་ནང་འགྲེམས་སྟོན་བྱས་པའི་དངུལ་གྱི་ཐམ་ག་དེས་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག འབྲེལ་ཡོད་ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། ཐམ་ག་ས་འོག་ནས་ཐོན་པ་དེས་བང་སོའི་བདག་པོའི་ཐོབ་ཐང་གཏན་འཁེལ་བྱ་རྒྱུར་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ཡོད་ཟེར།ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་རིག་དངོས་སྲུང་སྐྱོང་བྱེད་པར་ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་དང་། དངོས་རྫས་ཀྱི་ཆ་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དར་གོས་ལམ་བུའི་སྟེང་དུ་རིག་གནས་སྤེལ་རེས་དང་ཤེས་དཔལ་ཕན་ཚུན་སློབ་སྦྱོང་བྱེད་པའི་ལོ་རྒྱུས་ཀྱི་རི་མོ་ཞིག་ལྟད་མོ་བའི་མིག་ལམ་དུ་བཀྲམ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།