བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-06-09 08:07:12 ཀློག་གྲངས།:
       ལྷ་སར་ལོ་ངོ་སྟོང་གི་ཤེས་རིག་འདུས་པའི་བང་མཛོད་ཅིག་ཡོད་དེ། དེ་ནི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་སྟོན་ཁང་རེད། འདི་ནི་གངས་ལྗོངས་ས་མཐོའི་རིག་གནས་ཀྱི“གཞི་རྒྱུའི་མཛོད”དང་བོད་ལྗོངས་ཀྱི“རྣམ་ཤེས”ལ་རེག་པའི་སྒེའུ་ཁུང་ཞིག་རེད། ཁྱེད་ནི་རིག་གནས་ལ་དགའ་པོ་བྱེད་མཁན་ཡིན་ནའང་འདྲ།  ཡང་ན་ཡུལ་སྐོར་བ་ཞིག་ཡིན་ནའང་འདྲ། བོད་ལྗོངས་ཀྱི་མཚར་སྡུག་ལ་ཡིད་སྨོན་བྱེད་པའི་འཚོལ་ཞིབ་པ་ཡིན་ནའང་འདྲ། འདི་གར་ཁྱེད་ལ་མངོན་མིན་རིག་གནས་ཤུལ་བཞག་གི་རི་མོ་གསོན་པོ་ཞིག་བཀྲམ་རྒྱུ་རེད།
       འགྲེམས་ཁང་གི་འགྲེམས་ཁུལ19ཡི་ནང་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཆེན་པོ10ཡོད་པ་དང་། ཁྱོན་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས91འགྲེམས་སྟོན་བྱས་ཡོད་ལ། དེའི་ནང་དུ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་བརྩམས་ཆོས་མིང་ཐོའི་རྣམ་གྲངས3དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས37དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས51བཅས་ཡོད།
       “བྱེ་རྡུལ་གཅིག་འཇིག་རྟེན་གཅིག”གི་རྡུལ་ཚོན་དཀྱིལ་འཁོར་བཞེངས་རྩལ་དང་བོད་ལྗོངས་ཀྱི་གནམ་རིག་སྐར་རྩིས། བོད་སྨན། བོད་སྤོས་བཟོ་བའི་ལག་རྩལ། བརྐོས་པར་ཞིབ་བཟོ་དང་པར་འདེབས་ལག་རྩལ། མཛེས་སྡུག་ལྡན་པའི་ཐང་ག། མཛེས་ལ་སྤྱོད་གོ་ཆོད་པའི་འཐག་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་སྟོན་ཁང་འདིར་འཛུལ་ཚེ། དུས་དང་བར་སྟོང་སྒྲོལ་བའི་ཕུག་ལམ་ཞིག་དང་འདྲ་བར་ལོ་རྒྱུས་དང་ངོ་མཚར་གྱིས་ཁེངས་པའི་འཇིག་རྟེན་ཞིག་གི་ནང་དུ་སླེབས་ཀྱི་ཡོད། འདིར་འགྲེམས་སྟོན་རེ་རེ་ནས་གནའ་བོའི་གཏམ་རྒྱུད་བརྗོད་པ་དང་། ཞིབ་ཕྲའི་ཆ་རེ་རེ་ནས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
       ལྟ་སྐོར་བྱས་ཚར་རྗེས་སུ། ཁྱེད་རང་གློག་སྐས་ལ་བསྡད་ནས་ཐོག་བརྩེགས་ལྔ་པའི་ལྟ་ལྗོངས་སྟེགས་བུའི་སྟེང་དུ་འགྲོ་རྒྱུ་མ་བརྗེད་ཅིག རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་པ་ནི་མ་གཞི་ནས་སྲོལ་རྒྱུན་བོད་ལུགས་དང་དེང་རབས་ཇུས་འགོད་ཟུང་འབྲེལ་བྱས་པ་ཞིག་ཡིན་ཞིང་། ས་ངོས་སྒེའུ་ཁུང་ཆེན་པོའི་མདུན་ནས་ཕོ་བྲང་པོ་ཏ་ལར་རྒྱང་མཇལ་བྱེད་ཐུབ་པ་དང་ལྷ་ས་ལུང་གཞུང་ཚང་མ་མཐོང་ཐུབ་པས་དེ་ནི་པར་རྒྱག་སའི་གནས་ཡག་པོ་ཞིག་ཡིན།
       ལྷ་སར་ཡུལ་སྐོར་བྱེད་སྐབས། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་སྟོན་ཁང་དུ་འགྲོ་རྒྱུ་མ་བརྗེད་རོགས། དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གིས་ཁྱེད་ལ་བརྗེད་དཀའ་བའི་མྱོང་བ་གསར་པ་ཞིག་སྦྱིན་ཐུབ།
ཡུལ་སྐོར་སྦྱར་ཡིག
       ས་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་རིག་གནས་གསར་གཏོད་གླིང་།(འུན་ཤིང་ཀོང་ཇོའི་ཟློས་གར་ཁང་གི་འགྲམ)
       སྒོ་ཕྱེ་བའི་དུས་ཚོད། ཆུ་ཚོད10:00ནས17:30བར། (ཆུ་ཚོད16:30ནས་ནང་དུ་གཏོང་གི་མེད། གཟའ་ཟླ་བར་སྒོ་ཕྱེ་གི་མེད)སྤ་སེ་ལ་རིན་སྤྲོད་མི་དགོས།
       སྤྱི་སྤྱོད་རླངས་འཁོར་གྱི་ཨང་གྲངས7དང35ལ་བསྡད་ནས་འུན་ཤིང་ལམ་ཆེན་གྱི་བབས་ཚུགས་བྱང་མར་བབས་ཏེ། དེ་ནས་རྐང་ཐང་དུ་རྟེན་རྫས་བཤམས་སྟོན་ཁང་དུ་འབྱོར་ཐུབ། ཡང་ན་རང་འཁོར་གྱི་ཕྱོགས་སྟོན་བྱས་ནས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་སྟོན་ཁང(སྒོ་ནུབ་མ)དུ་ཐོ་འགོད་བྱས་རྗེས་རྟེན་རྫས་བཤམས་སྟོན་ཁང་ནང་ཁུལ་གྱི་རླངས་འཁོར་འཇོག་སར་འཛུལ་ཆོག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།