• རི་དྭགས་གཙོད་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་།འཚོ་གནས་ས་ཆ་ནི་ས་བབ་ཀྱི་མཐོ་ཚད་ལ་སྨི3700ནས5500ཡོད་པའི་མདོ་དབུས་མཐོ་སྒང(མཚོ་སྔོན་དང་བོད་ལྗོངས།ཞིན་ཅང་བཅས་འདུས།)ཡིན་སྟབས།མིང་ལ་མཐོ་སྒང་གི་བླ་སྲོག་ཅེས་ཀྱང་ཟེར།མིའི་བློ་ཡུལ་ལས་དཔག་དཀའ་བ་ཞིག་ལ།གཙོད་ནི་ལོ་རེ་ལ་གནས་སྤོ་ཐེངས་རེ་བྱེད་པ་དང་།གནས་སྤོ་བྱ་ཡུལ་ནས་ཕལ་ཆེར་ཉིན་བཅུ་ཕྲག་འགའ་ལ་བསྡད་རྗེས།ཡང་བསྐྱར་སྔར་གྱི་གནས་སྤོ་ལམ་ཐིག་བརྒྱུད་ནས་ཕྱིར་ལོག་པ་རེད། ...

    2021-04-28 09:09:29 མི་གསལ། 213
  •  དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་མཇུག་ཙམ་ལ།གསར་དུ་དར་བའི“གླིང་དུམ་གྲུབ་ཚུལ”གཞུང་ལུགས་(“板块构造”学说)ལྟར་ན།སའི་གོ་ལའི་བྲག་རྡོ་རིམ་པ་(岩石圈)ནི་གླིང་དུམ་(板块)དུ་མ་མཉམ་དུ་འདུས་ནས་གྲུབ་པ་ཡིན་ལ།གླིང་དུམ་དེ་ཚོ་ནི་ད་དུང་ཡང་འགུལ་སྐྱོད་བྱེད་བཞིན་ཡོད།རང་རྒྱལ་གྱི་ས་གཞིའི་གྲུབ་ཚུལ་སྐོར་གྱི་མཁས་པ་ཡིས་གཞུང་ལུགས་འདི་སྤྱད་ནས་མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡའི་འཕེལ་འགྱུར་གོ་རིམ་ལ་འགྲེལ་བཤད་བྱས་ཏེ་མདོ་དབུས་མཐོ་སྒང་ནི་སྐམ་སའི་གླིང་དུམ་དང་ཁེར་གནས་མཚོ་གླིང་མང་པོ་དུས་སྐབས་མི་འདྲ་བའི་རིང་ལ་ཨེ་ཤ་ཡའི་ཕྱོགས་སུ་སྤར་ནས་འདུས་པ་ལས་གྲུབ་པར་འདོད་པ་རེད།...

    2021-04-07 09:21:04 མི་གསལ། 306
  • ཚྭ་འདམ་གཞོང་གི་ས་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན་པར་མ་ཟད།ད་དུང་ཁུ་སིམ་འཇམ་ཐིང་ངེར་གནས་ཡོད།གཞོང་ས་འདི་ན་རང་བྱུང་གི་མཛེས་ལྗོངས་ངོ་མཚར་བ་མང་ལ།མཚོ་དང་མཚེའུ་ཡི་ཁ་དོག་དང་ཆགས་དབྱིབས་ཀྱང་རྣམ་པ་སྣ་ཚོགས་ཡིན།གཤམ་དུ་བརྗོད་པ་ནི་ཚྭ་འདམ་གཞོང་གི་ཤར་རྒྱུད་ཁོངས་སུ་ཡོད་པའི་ངོ་མཚར་གྱི་ཟུར་གསུམ་ཆུ་མིག་ཅིག་ཡིན།...

    2021-03-29 09:44:31 མི་གསལ། 275
  • སྨར་ཁོག་ནགས་ཁུལ་ནི་མཚོ་སྔོན་གྱི་འབྲི་ཆུ་འབབ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་།ཁྱབ་སྟངས་ཆེས་གཅིག་བསྡུ་ཡིན་པ།ས་བབ་ཆེས་མཐོ་བའི་རང་བྱུང་གི་གདོད་མའི་ནགས་ཁུལ་ཞིག་ཡིན།ནགས་ཁུལ་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཁྱབ་སྟངས་ཅུང་རྒྱ་ཆེ་ལ་རིགས་ཅུང་མང་བས།རྒྱལ་ཡོངས་ཀྱི་གཙོ་ནུས་ཁུལ་གྱི་འཆར་འགོད་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ18ནང་གི་སྲུང་སྐྱོང་ཁུལ་གཅིག་ཡིན་པ་གཏན་འཁེལ་བྱས་ཡོད།།...

    2021-01-29 09:11:27 མི་གསལ། 762
  • མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་ན་ཡོད་ཅིང་།ས་བབ་ནི་ནུབ་བྱང་གི་ཕྱོགས་མཐོ་ཞིང་ཤར་ལྷོའི་ཕྱོགས་དམའ་ལ།གྲང་ངར་ཆེ་བ་དང་སྐམ་གཤིས་ལྡན་པའི་སྐམ་ས་རང་བཞིན་གྱི་གནམ་གཤིས་ཁུལ་ཞིག་ཡིན། ཡུལ་འདི་ན་ནམ་མཁའི་མེ་ལོང་ཞེས་པའི་ཚྭ་མཚོ་དང་རི་བོ་ཀུན་གྱི་མེས་པོ་ཞེས་པའི་ཁུ་ནུ་རི་བོ།ནོར་གྱིས་གཏམས་པའི་བང་མཛོད་ཅེས་པའི་ཚྭ་འདམ་གཞོང་ས་སོགས་མཛེས་ཤིང་སྡུག་པའི་ས་གཤིས་མཛེས་ལྗོངས་མང་པོ་ཡོད། ...

    2021-01-20 09:05:33 མི་གསལ། 800
  • ཉེ་ཆར།ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡིས་ཞིབ་འཇུག་སུའོ་དེའི་གསར་སྐྱེས་དུས་རབས(新生代)ཀྱི་ཁོར་ཡུག་ཞིབ་འཇུག་ཚོགས་པའི་ཞིབ་འཇུག་པ་ཧྥང་ཞུའོ་མའེ་སོགས་ཀྱིས་ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིང)གྱི་ཡོན་ཧྲི་ཝང་ཁྲེང་ཧྲན་དང་ལན་ཀྲོའུ་སློབ་ཆེན་སོགས་ལ་མཉམ་འབྲེལ་བྱས་ནས་མདོ་དབུས་མཐོ་སྒང་གི་དབུས་ལྷོ་རྒྱུད་ཀྱི་རོང་པོ་ལ་གཞོང་ས་ཡི་ལོ་ངོ་ཁྲི4100ནས2150ཡི་སྔོན་གྱི་གསར་སྐྱེས་དུས་རབས་ས་ངོས་ཀྱི་ལོ་རབས་ཨང་རིམ(地层年代序列)ཚད་འཇལ་ཞིབ་ཚགས་དང་གསར་འཛུགས་བྱས་པའི་གནས་ཚུལ་བསྒྲགས་པ་རེད།...

    2020-12-21 08:47:44 མི་གསལ། 894
  • ཟླ5བའི་ཚེས20ཉིན།བོད་ལྗོངས་ཀྱི་ཕྱེ་མ་ལེབ་ཀྱི་མིང་གཞུང》རྩོམ་སྒྲིག་བྱས་པ་དང་བོད་ལྗོངས་སུ་ཚན་སྐོར5དང་དབྱེ་བ208ཡོད་པའི་ཕྱེ་ལེབ་རིགས567ལ་བོད་རྒྱ་སྐད་གཉིས་ཀྱི“ཐོབ་ཐང”གི་མིང་ཐོ་ཐོག་མར་བཀོལ་བ་རེད།...

    2020-06-03 09:04:06 གཡང་འབུམ་ཚེ་རིང་གིས་བསྒྱུར། 944
  • ཟླ5བའི་ཚེས27ཉིན།“སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་དཔལ་ཡོན་འཚོལ་ཞིབ་དང་ཞིབ་འཇུག”ཅེས་པ་བརྗོད་བྱ་ཡིན་པའི"མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན”གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུས།...

    2020-05-29 10:54:15 ཚེ་མཁར་རྒྱལ། བསམ་འཕེལ་ནོར་བུ། 997
  • ༄༅།།རི་བོ་ཧི་མ་ལ་ཡ་ནི་རྒྱ་མཚོའི་གཏིང་ནས་ཡར་བསྐྱེད་པ་ཡིན་ཟེར་བའི་རྒྱུ་མཚན་ཅི།

    ​​​​​​​རི་བོ་ཧི་མ་ལ་ཡའི་གཡང་གཟར་གྱི་བྲག་ངོས་དང་ཞབས་མེད་པ་ལྟར་སྣང་བའི་གྲོང་རོང་ནས་གདོད་མའི་རྒྱ་མཚོའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་འགྱུར་རྡོ་མང་བོ་རྙེད་པ་རེད། ...

    2020-05-14 10:18:42 མི་གསལ། 842
  • ཉེ་བའི་ལོ་འགའི་རིང་ལྟ་ཞིབ་དཔྱད་ལེན་བྱས་པའི་དམར་ཕྱིའི་པར་ཆས་ཀྱིས་པར་འབུམ་ལྷག་དང་བརྙན་ཁྲི་ལྷག་བླངས་པར་དབྱེ་ཞིབ་བྱས་པའི་མཇུག་འབྲས་ནང་།གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འཛམ་གླིང་ཐོག་གི་གཟན་ཕྲེང་ཆེས་འཐུས་ཚང་ཡིན་པའི་ས་ཁུལ་ཁྲོད་ཀྱི་གཅིག་ཡིན་པ་དང་།དུས་མཉམ་དུ།མཚོ་བོད་མཐོ་སྒང་ནི་མིག་སྔར་འཛམ་གླིང་ཐོག་ཤ་གཟན་སྲོག་ཆགས་ཆེ་གྲས་ཀྱི་རིགས་ཆེས་མང་ས་དེའང་ཡིན་པ་རེད།...

    2020-03-12 11:20:08 མི་གསལ། 884

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།