༄༅།།མཚོ་ནུབ་ཁུལ་གྱི་ལྕགས་པོ་བྱི་བ་ལོའི་ལོ་སར་དགོང་ཚོགས་གཟབ་རྒྱས་ངང་འཚོགས། 

རྩོམ་པ་པོ།:བསོད་རྡོ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-14 17:02:38 ཀློག་གྲངས།:
སྤྱི་ཟླ1པོའི་ཚེས9ཉིན་གྱི་དགོང་མོ། ནོར་འབྱུང་གི་ཚྭ་འདམ། འབད་ཐབས་ཀྱི་དུས་གསར་ཞེས་པའི་མཚོ་ནུབ་ཁུལ་གྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་སར་བསུ་བའི་རིག་རྩལ་དགོང་ཚོགས་ཚྭ་འདམ་ཟློས་གར་ཁང་དུ་གཟབ་རྒྱས་ངང་བསྡུས། མཚོ་ནུབ་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་འབྲེལ་ཡོད་མགོ་ཁྲིད་དང་།ཁུལ་ཐད་གཏོགས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་རྣམས་དང་རིགས་སོ་སོའི་མང་ཚོགས་ཆིག་སྟོང་ལྷག་གིས་མཉམ་དུ་དགོང་ཚོགས་ལ་བལྟས། 
དགོང་ཚོགས་དཔྱིད་ཀའི་མེ་ཏོག་ཞེས་པའི་ཞབས་བྲོ་ཁྲོད་མགོ་བརྩམས་ཤིང་། གར་གྱི་སྟངས་སྟབས་དང་རོལ་དབྱངས་ཀྱི་འགྱུར་ཁུགས་སོགས་ཀྱིས་ལོ་སར་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས། རིག་རྩལ་ལེ་ཚན་དག་ལས་གསར་རྩོམ་བྱས་པའི་ཞབས་བྲོ་དང་ཁ་ཤགས། མཉམ་ལེན་དང་རོལ་ཚོགས་སོགས་ཡོད་ལ། དེ་ལས་ལྷག་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བྲོ་དང་སོག་བྲོ་བཅས་ལས་མི་རིགས་ཕན་ཚུན་བར་གྱི་རིག་གནས་ཡུལ་སྲོལ་མཉམ་འདྲེས་ཀྱི་སྒྱུ་རྩལ་གསོལ་སྟོན་བཤམས་ཏེ། དགོང་ཚོགས་ལ་མཐོ་རླབས་བསྩལ་ཞིང་། སྣ་མང་རིག་གནས་མཉམ་འདྲེས་ཀྱི་འཁྲབ་སྟོན་ནི་ཐེངས་འདིའི་དགོང་ཚོགས་ཀྱི་ཁྱད་ཆོས་གཞན་ཞིག་ཏུ་སྣང་། བོད་རིགས་ཀྱི་ཞབས་བྲོ《རི་ཆུའི་གཟི་མདངས》དང་། སོག་རིགས་ཀྱི་ཞབས་བྲོ《དཔྱིད་དཔལ》 །རྒྱ་ནག་སྐྱེས་མའི་མཉམ་བྲོ《ཤོག་དྲས་བུ་མོ》། གླུ་གར《མཚར་སྡུག་གི་ཚྭ་འདམ》སོགས་ཀྱིས་མཚོ་ནུབ་རིགས་སོ་སོའི་མིང་སྲིང་རྣམས་ཀྱི་མཐུན་སྒྲིལ་འབད་འབུངས་དང་མ་འོངས་ཕུགས་འདུན་མངོན་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་མཚོན། 
དགོང་ཚོགས་ཀྱི་ནང་དོན་ཧྲིལ་པོ་མང་ཚོགས་དང་དུས་རབས་ལ་ཉེ་བར་བཅར་ཞིང་། མཚོ་ནུབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་འོད་སྟོང་གྲུབ་འབྲས་མངོན་པར་བསྟན་ཞིང་། མཚོ་ནུབ་རིགས་སོ་སོའི་མི་དམངས་རྣམས་དཔུང་པ་མཉམ་གཤིབ་དང་ལག་རྡང་དམ་སྦྲེལ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་མགོ་ཁྲིད་བརྟན་པོའི་འོག མཚོ་ནུབ་གསར་བ་འཛུགས་སྐྲུན་ལ་སྔར་ལས་སྟོབས་ཤུགས་འབུལ་རྒྱུའི་སྙིང་སྟོབས་མཚོན་པར་བྱས།  དགོང་ཚོགས《མེ་ཏོག་གི་ཀྲུང་གོ》ཞེས་པའི་གླུ་བྲོ་ཁྲོད་མཇུག་སྒྲིལ། 
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དགོང་ཚོགས་ལོ་སར་སྐབས་སུ་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་གྲོང་ཁྱེར་དང་རྫོང་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་གཏང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།