༄༅།།རིག་འཛིན་སྒྲོལ་མའི་གཞས་གསར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-06 09:37:02 ཀློག་གྲངས།:
རིམས་འགོག་བརྗོད་བྱའི་གསར་རྩོམ་སྤྱི་ཕན་གླུ་གཞས།
༄༅།།རེ་སྒུག་དཔྱིད་ཀྱི་མགུར་དབྱངས།
ཚིག་རྩོམ་པ་པོ། རྐ་ཕུག•བསོད་རྡོ།
ཚིག་ལོ་ཙཱ། དོ་རྒྱ་བསོད་རྡོ།
དབྱངས་བཅོས་སྒྲིག རིག་འཛིན་སྒྲོལ་མ།
ལེན་མཁན། རིག་འཛིན་སྒྲོལ་མ།
སྒྲ་དབྱངས་སྒྲིག་བཟོ། ཤེར་བྷ།
བརྙན་ལེན་སྒྲིག་སྦྱོར། ཟུར་ཚང་དབང་གྲགས།
༡.སྟོང་ལོ་ཉི་ཤུ་ཉི་ཤུའི་ཚེས་མགོ་ཞིག།
འཛམ་གླིང་ཤར་ཕྱོགས་ཕ་གཞིས་ཝུའུ་ཧན་གྲོང་།།
ཚེ་སྔོན་སྲོག་གི་ལན་ཆགས་བུ་ལོན་གྱིས།།
དུ་སྤྲིན་སྒྱོགས་སྒྲ་དབེན་པའི་ཡམས་འཁྲུག་བྱུང་།།
 
༢.སྟོང་ལོ་ཉི་ཤུ་ཉི་ཤུའི་ཚེས་མགོ་ཞིག།
གདོན་དང་རིམས་ཀྱིས་འཇིག་རྟེན་གདུང་བས་གཟིར།།
ཝུའུ་ཧན་དགའ་མའི་ཞལ་རས་གཤགས་རལ་གྱུར།།
འབྲི་ཆུའི་ཟམ་ཆེན་ཡུགས་སའི་བུ་རུ་བསྐྱུར།།
༣.ཨེ་མ་མི་འདོད་རིམས་ལ་རྒོལ་པའི་འཐབ།།
ཤར་གྱི་གཙོ་འཛིན་ནུབ་ཀྱི་བྱང་སེམས་ཚོགས།།
དཀར་པོའི་ལྷ་ཚོགས་དམར་པོའི་དཔུང་ཚོགས་ཀྱིས།།
གཡུལ་གྱི་རྔམ་སྟོན་དུས་སུ་བཤམས་འདི་རངས།།
ཚིག་རྩོམ་པ་པོ། རྐ་ཕུག•བསོད་རྡོ།
༤.ཨེ་མ་རྨ་ཆུས་ཆམ་ཡམས་བྱབས་སུ་འཁྲུས།།
འབྲི་ཆུའི་རླབས་སྒྲས་ནད་ཡམས་དམ་ལ་བཏགས།།
རྐང་གཉིས་ཁྱིམ་གྱིས་མཐུན་སྒྲིལ་དར་ཆ་བསྒྲེངས།།
ས་སྒང་རྩེ་ནས་རྒྱལ་ཁའི་གླུ་དབྱངས་བླངས།།

༥.ཝུའུ་ཧན་དགའ་མའི་བཞིན་མདངས་འཛུམ་པར་ཤོག།
མེས་རྒྱལ་ལྡུམ་རའི་དཔྱིད་དཔལ་རྒྱས་པར་ཤོག།
གངས་ལྗོངས་གཙང་བོའི་ཆུ་རྒྱུན་དྭངས་པར་ཤོག།
འཛམ་གླིང་སྡེ་འབངས་རིམས་ལས་ཐར་བར་ཤོག།

༦.འབྱུང་བཞིའི་རྒྱུ་ལ་དབང་བ་འགྲོ་མིའི་ལས།།
འཆི་བདག་བྲན་དུ་ཚུད་པ་སེམས་ཅན་སྐལ།།
བདེ་ཉེན་གནས་མིན་རང་བྱས་རང་མྱོང་སྲོལ།།
འགྲོ་དྲུག་མཉམ་གནས་ཡོང་བའི་བཀྲ་ཤིས་ཤོག།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།