-
[སྐབས་བབ་སྲིད་དོན།]
མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས།
སྤྱི་ཟླ༨ཚེས༡༡ཉིན་གྱི་སྔ་དྲོར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་ཡོངས་འཛིན་སྐྱོང་སྤེལ་རྟེན་གཞིའི་སུམ་ཐོག་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་འཚོགས།...
2022-08-11 22:03:14 འདི་གའི་རྩོམ་སྒྲིག་ཁང་། 19552 -
[སྐབས་བབ་སྲིད་དོན།]
ཞིང་ཆེན་ཚན་རྩལ་ཐིང་དང་མཚོ་ལྷོ་ཁུལ་སྲིད་གཞུང་ཧྲན་ཞི་ལ་རྟོག་ཞིབ་དང་སློབ་སྦྱོང་ལ་སོང་།
ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས4ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་ཞིང་ཆེན་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཅུའུ།ནོར་སྲིད་དང་ཚན་རྩལ།སྒྲིག་ཁོངས་གཞུང་ལས་ཁང་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བའི་སྣེ་ཁྲིད་དེ་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་དུ་སོང་ནས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་ཤིང་།མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བརྟན་པོ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།...
2022-08-10 08:56:16 མཚོ་སྔོན་པོ་དྲ་བ། 19241 -
[སྐབས་བབ་སྲིད་དོན།]
མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཟླ་བརྒྱད་པའི་ཚེས་གསུམ་ཉིན།མཚོ་སྔོན་ཞིང་ཆེན་ནར་མ་སོན་པའི་མི་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།རྒྱུན་ལས་ཧྲིན་ཀྲང་གཞོན་པ།འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།ཧྲིན་ཀྲང་གཞོན་པ།འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།ཧྲིན་ཀྲང་གཞོན་པ།འགི་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཧོང་ཡ་གྲོས་ཚོགས་ལ་ཞུགས།...
2022-08-05 16:01:06 མཚོ་སྔོན་པོ་དྲ་བ། 18491 -
[སྐབས་བབ་སྲིད་དོན།]
ཀརྨ་ཕུན་ཚོགས་རྒྱལ་ཁབ་ནུས་ཁུངས་ཅུའུ་དང་འབྲེལ་ཡོད་ཁེ་ལས་སུ་སོང་ནས་བྱ་བར་འབྲེལ་མཐུད་བྱས།
ཉེ་སྔོན།ཁུལ་ཨུའི་ཧྲུའུ་ཅུའུ་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ནུས་ཁུངས་ཅུའུ་ནུས་ཁུངས་གསར་བ་དང་སླར་སྐྱེ་ཐུབ་པའི་ནུས་ཁུངས་སི་ལ་འབྲེལ་ཡོད་བྱ་བ་སྙན་ཞུ་དང་འབྲེལ་མཐུད་བྱས་ཤིང་།ཕྱོགས་གཉིས་ཀས་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལས་གཞི་ཆེན་པོ་ལག་བསྟར།...
2022-08-04 21:42:03 མཚོ་སྔོན་པོ་དྲ་བ། 18446 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་འཛུགས་སྐྲུན་གྱི་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་དེ་དུས་རིམ་གསར་བར་བསྐྱོད།
ཉེ་སྔོན།མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་།ཤེས་གསལ་ལྟར་ན།རང་ཁུལ་ལ་བདེ་བླག་ངང་རྒྱལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་ཅིང་།མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གསར་གཏོད་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་པའི་རྡོ་རིང་ལྟ་བུ་ཡིན་པའི་ཆ་ནས།འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་རྒྱུ་རེད།...
2022-08-04 08:38:16 མཚོ་སྔོན་པོ་དྲ་བ། 18145 -
[སྐབས་བབ་སྲིད་དོན།]
མཚོ་ལྷོ་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས“བརྒྱད་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ།
ཟླ་བདུན་པའི་ཚེས༣༡ཉིན་ནས་ཟླ་བརྒྱད་པའི་ཚེས༡ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་རྣམ་གཉིས་ཀྱིས་ཁུལ་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་དག་སྣེ་ཁྲིད་དེ་མཚོ་ལྷོའི་ཡན་ལག་དམག་ཁུལ་དང་ལན་ཀྲིའི་མཁའ་དམག་ལས་གུང་ཧོའི་ས་ཚིགས།དྲག་ཆས་ཉེན་རྟོག་མཚོ་ལྷོ་ཁུལ་ཉིང་ལག་རུ་ཁགཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་བཅས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མི་དང་བྱས་རྗེས་བཞག་ནས་བྱ་དགའ་ཐོབ་མཁན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱིས་སྨོན་འདུན་ཞུས།...
2022-08-02 15:09:19 འདི་ག་རྩོམ་སྒྲིག་ཁང་། 18047 -
ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ན།ཁྱིམ་གསོས་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་འཚེ་བཏང་བར་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་སྐྱོན་ཆ་མེད་ཀྱང་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁུར་དགོས།འོན་ཀྱང་གནོད་འཚེ་ཐེབས་མཁན་རང་ཉིད་ཀྱི་སྐྱོན་ཡིན་ན་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁུར་མི་དགོས།...
2022-07-26 15:37:26 རྡོ་རྗེ་ཚེ་རིང་། 18183 -
[སྐབས་བབ་སྲིད་དོན།]
༄༅། །ཀྲུང་གུང་ཀྲུང་དབྱང་གིས«ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག»བཀྲམས་པ།
«སྲོལ་ཡིག»གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཆབ་སྲིད་གྲོས་མོལ་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ།ཆབ་སྲིད་གྲོས་མོལ་ལས་དོན་ཚན་རིག་ཅན་དང་།ལམ་ལུགས་ཅན།ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ནི་ཆབ་སྲིད་གྲོས་མོལ་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།«སྲོལ་ཡིག»བཟོས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།...
2022-07-12 14:29:19 མཚོ་སྔོན་པོ་དྲ་བ། 18006 -
ཟླ7པའི་ཚེས6ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཀྱིས་ཀྲུའུ་གོའི་མཉམ་འགུལ་མཚོ་སྔོན་ཡན་ལག་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཀྲུའུ་ཁྲང་པོ་འཁོར་དང་བཅས་པར་ཐུག་འཕྲད་གནང་།ཕྱོགས་གཉིས་ཀས5Gརིག་ལྡན་གྲོང་ཁྱེར་དང་།མཐོ་སྒང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐད་གྲོས་མཐུན་བཞག་པ་དང་།ཐེངས་འདིའི་མཉམ་ལས་ནང་གཙོ་བོ་མཚོ་ལྷོ་ཁུལ་དང་ཁོངས་གཏོགས་རྫོང་སོ་སོའི་གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་ཆ་འཕྲིན་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས།ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆ་འཕྲིན་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ།ཆ་འཕྲིན་ཞབས་ཞུའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐད་ཤུགས་སྣོན་བྱེད་པ་དང་།ཆ་འཕྲིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བའི་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་།...
2022-07-08 07:58:19 མཚོ་སྔོན་པོ་དྲ་བ། 14506 -
འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་གཉིས་བླངས་པའི་བབ་དང་བསྟུན་ནས་རང་ཞིང་གི2022ལོའི་འབྲིང་རིམ་དང་མཐོ་རིམ་མཐར་ཕྱིན་སློབ་མ་རྣམས་ཀྱང་མཐོ་འབྲིང་དཀྱུས་མ་དང་།འབྲིང་རིམ་ལས་རིགས་སློབ་གྲྭ།ཡང་ན་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམ་དགོས་པས།རྒྱ་ཆེའི་སློབ་གསར་དང་དེའི་ཁྱིམ་བདག་རྣམས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སློབ་དངུལ་གྱི་རོགས་རམ་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་འཇུག་ཆེད།ཉེ་ལམ་མཚོ་སྔོན་ཞིང་ཆེན་སློབ་མའི་ལས་དོན་ཞབས་ཞུ་ལྟེ་གནས་དང་ས་གནས།སློབ་གྲྭ་ཁག་གི་སློབ་མ་རྣམས་ཀྱི་མ་དངུལ་རོགས་སྐྱོར་དོ་དམ་སྡེ་ཚན་བཅས་ཀྱིས་སློབ་དངུལ་རོགས་རིམ་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་ཆབས་ཅིགསློབ་དངུལ་རོགས་རམ་གྱི་སྲིད་ཇུས་རྩད་འདྲི་དང་ཞུ་གཏུག་བྱ་ཡུལ་ཁ་པར་བཀོད་སྒྲིག་བྱས་ཡོད་པས།དོགས་གཞི་དང་རྩད་འདྲི་བྱེད་མཁན་གྱི་སློབ་མ་དང་ཁྱིམ་བདག་གིས་ཁ་པར་འབྲེལ་ནས་རྒྱུས་ལོན་བྱེད་ཆོག་པ་ཡིན།...
2022-07-06 17:58:17 མཚོ་སྔོན་པོ་དྲ་བ། 18071





















青公网安备63252102000006号