-
འཚོ་བ་ནི་ནམ་ཡང་དྲང་ཐིག་ཅིག་མ་ཡིན་པར།ཀྱག་ཀྱོག་དང་འཕེལ་འགྲིབ་ཀྱིས་ཁེངས་ཡོད།ང་ཚོ་གཅིག་བྱས་ན་མི་ཚེའི་དམའ་རིམ་དུ་གནས་པ་དང་།གཅིག་བྱས་ན་བྱ་གཞག་གི་རྩེ་གྲར་ལངས་ཡོད་མོད།འོན་ཀྱང་རྣམ་པ་ག་འདྲ་ཡིན་རུང་།འཚོ་བའི་མཇུག་མཐའི་དམིགས་ཡུལ་ནི་བདེ་ཐང་དང་བདེ་སྐྱིད་ཡིན་པ་ཡིད་ལ་བརྟན་པོར་འཛིན་དགོས།བདེ་ཐང་ནི་ང་ཚོས་མཛེས་སྡུག་ལྡན་པའི་བྱ་དངོས་ཡོད་ཚད་དོན་གཉེར་བྱེད་པའི་རྨང་གཞི་ཡིན་ལ།བདེ་ཐང་མེད་ན།གྲུབ་འབྲས་ཡོད་ཚད་སྐྱ་མདོག་ཤུགས་མེད་ཅིག་ཡིན།སྤྲོ་སྣང་ནི་ང་ཚོའི་སེམས་ཁམས་ཀྱི་གསོ་བཅུད་ཅིག་ཡིན་པས་ང་ཚོར་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་འཚོ་བའི་སྤྲོ་སྣང་དང་དོན་སྙིང་རྙེད་ཐུབ་ངེས།...
2025-01-24 10:37:38 འཇམ་དཔལ་གྱིས་བསྒྱུར། 3951 -
ཉིན་འདི་དག་གི་རིང་ལ།ངེད་གཉིས་ཀྱིས་ཁང་པ་ཉོ་བའི་ཆེད་དུ་བཟའ་ཐོར་རྫུན་མ་བྱས་པ་དང་།པད་མའི་རྒྱལ་མོ་དང་གློ་བུར་དུ་ཐུག་འཕྲད་བྱུང་བ།དཔེ་དེབ་པར་སྐྲུན་གྱི་སྔ་གཞུག་གི་བྲེལ་ཟིང་།ད་དུང་ཏང་གི་སློབ་གྲྭའི་སློབ་སྦྱོང་གི་འཚོ་བའམ་གོ་གནས་འཕར་བའི་ཁྲོད་ཀྱི་ཟིང་ཆ་བཅས་ཀྱི་གོ་རིམ་ཁྲོད་དུ་ང་ཆུང་མའི་བརྩེ་དུང་དང་གོ་བ་ལོག་པ་སྟེ།སེམས་གཏན་ནས་ལྷོད་ལ་འབབ་མི་ཐུབ་པར་གྱུར།འབྲི་མགོ་བརྩམས་པའི་སྒྲུང་རིང་ཡང་འབྲི་ཙམ་བསྐྱུར་ཙམ་དང་།སྒྱིད་ལུག་རྣམ་གཡེང་གི་དབང་དུ་གྱུར་ནས་ཉིན་གསུམ་ལ་ཉ་མོ་བཟུང་ན་ཉིན་གཉིས་ལ་དྲ་རྒྱ་གཡེང་བཞིན་པའི་ཉ་པ་ཡང་ངའི་རྗེས་མི་ཆོད་པ་དང་འདྲ།...
2025-01-21 08:55:56 རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། 4220 -
མཚན་མོར།ཁེར་རྐྱང་ངང་ཡུལ་གཞན་གྱི་རི་གྲོང་གི་ཁང་ཆུང་ཞིག་གི་མལ་ཁྲིའི་སྟེང་དུ་ཉལ་དུས།ཁང་བའི་ཕྱི་རོལ་གྱི་ཤོག་སྦག་གི་སྒྲ་ཐོས་རྗེས།ང་ཡིས་འདས་ལོ་དང་ཐག་ཉེ་རུ་འགྲོ་བཞིན་ཡོད་པ་ཤེས།ཤོག་སྦག་གི་སྒྲ་ཡིས་རྒྱང་རིང་གི་རི་གྲོང་ལ་སྤྲོ་སྣང་གི་རྣམ་པ་ཚད་མེད་བསྣན་པས།སྐབས་དེར།ངའི་བསམ་བློ་རྒྱང་ཐག་རིང་བའི་བྱིས་དུས་ཀྱི་དུས་རབས་སུ་ལོག་སྟེ།བྱིས་དུས་ཀྱི་ལོ་གསར་སྐབས་ཀྱི་དྲོ་སྐྱིད་ལྡན་པའི་གཉེན་ཉེའི་བརྩེ་དུང་དང་།འཆམ་མཐུན་གྱི་བརྩེ་བ།ད་དུང་ལོ་གསར་གྱི་བྲོ་བ་ཟབ་མོ་བཅས་དྲན་བྱུང་།...
2025-01-20 10:44:47 འཇམ་དཔལ་གྱིས་བསྒྱུར། 4244 -
འཛིན་བདག་གི་ཆེད་ལས་ཞིབ་འཇུག་དང་གསོ་སྐྱོང་ཡང་རྒྱུན་མཐུད་ངང་དོ་ཁུར་དང་སྐུལ་འདེད་གཏོང་བཞིན་ཡོད།ཇི་ལྟར་ཕུལ་བྱུང་འཛིན་བདག་ཅིག་བྱེད་རྒྱུ་དང་།ཕུལ་བྱུང་འཛིན་བདག་ལ་ཐུན་མོང་གི་ཁྱད་ཆོས་གང་དག་ལྡན་པ་སོགས་ཀྱི་སྐོར་ནི་སློབ་གསོ་དོ་དམ་དང་།སློབ་གསོ་ཞིབ་འཇུགདགེ་རྒན་གསོ་སྐྱོང་དང་སློབ་གསོའི་གདེང་འཇོག་བཅས་ལ་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད།རྩོམ་ཡིག་འདིས་ཕྱོགས་བཅུའི་ཐད་ནས་ཕུལ་བྱུང་འཛིན་བདག་ལ་ངོས་འཛིན་བྱས་ཡོད།...
2025-01-03 08:43:28 ཧྥང་ཧྭས་བརྩམས། འཇམ་དཔལ་གྱིས་བསྒྱུར། 4711 -
ལོ་ངོ་བརྒྱ་ལྷག་གི་ཡུན་ལ་ནུབ་ཕྱོགས་སུ་རིག་གནས་མིའི་རིགས་རིག་པའི་གྲུབ་མཐའ་སྣ་མང་དུ་གྱེས་པ་དང་བསྟུན་རིགས་པའི་གཞུང་ལུགས་ཀྱང་མང་དུ་བཏོན།དེའི་ནང་ཤུགས་རྐྱེན་ཟབ་ཤོས་ཀྱི་གྲུབ་མཐའ་ནི་རིག་གནས་འཕེལ་འགྱུར་སྨྲ་བ(དབྱེ་ན་གནའ་རབས་འཕེལ་འགྱུར་སྨྲ་བ་དང་འཕེལ་འགྱུར་སྨྲ་བ་གསར་མ་གཉིས་ཡོད།)དང་།རིག་གནས་ཁྱབ་སྤེལ་སྨྲ་བ།ལོ་རྒྱུས་དམིགས་བསལ་སྨྲ་བ།གྲུབ་ཚུལ་རིང་ལུགས།རིག་གནས་མཚོན་བྱེད་སྨྲ་བ་དང་རིགས་ཚོགས་སྨྲ་བ་སོགས་ཡིན།རྩོམ་འདིར་ནུབ་ཕྱོགས་ཀྱི་རིག་གནས་མིའི་རིགས་རིག་པའི་གཞི་རྩའི་གཞུང་ལུགས་ཀྱི་གནད་ཁ་ཤས་དང་ཁྱད་ཆོས་ཁག་གཏམ་གསལ་པོར་ངོ་སྤྲོད་དང་དབྱེ་ཞིབ་རགས་ཙམ་ཞུ་རྒྱུ་ཡིན།...
2024-12-25 09:48:31 ཚེ་མཆོག་སྐྱབས་ཀྱིས་བསྒྱུར། 5238 -
འཇིག་རྟེན་གྱི་མཛའ་བརྩེ་ནི་ཅི་ཞིག་ཡིན།དེ་ནི་མི་ཚེ་རྫོགས་རག་བར་དུ་སློབ་རྒྱུ་ཞིགསྐད་ཆ་འདྲི་རྒྱུར་དགའ་ལ་དྲི་བའང་གནད་དུ་འཁེལ་བ་ཞིག་སྟེ་དྲི་བ་འདོན་མཁས་པའོ།།ཁོའི་དྲི་བ་འདི་བསྐལ་བརྒྱར་གནས་པ་ཞིག་སྟེ།ལོ་མང་པོའི་རིང་ལ་མི་ག་ཚོད་ཅིག་གནད་དོན་དེའི་ཐད་ལ་ཐེ་ཚོམ་གྱི་གནས་སུ་གྱར་ཡོད།ཡང་མི་ག་ཚོད་ཀྱིས་རིན་དོད་ཆེན་པོ་བཏང་ནས་མི་ཚེའི་ཆེས་མཐའ་མའི་དྲིས་ལན་བཏབ་ཡོད།འོན་ཀྱང་མི་སོ་སོའི་སྐད་ཆ་ནི་མི་སོ་སོའི་ངོ་གདོང་ལྟར་མི་འདྲ།...
2024-12-23 09:52:53 འཇམ་དཔལ་གྱིས་བསྒྱུར། 5179 -
མུན་ནག་དང་གྲང་ངར་ཆེ་བའི་གཡང་གཟར་ཁྲོད་དུ་ཡང་འོད་ཟེར་ཞིག་དྲང་མོར་ངའི་སྒལ་པར་འཕྲོས་ཤིང་།ངས་མིག་རབ་རིབ་ཅིག་ཕུར་ཕུར་བྱས་པ་དང་།ཡང་སྟོབས་ཤུགས་སྐྱེས་ནས་ལུས་པོ་སྔར་ལས་ཡང་མོར་གྱུར་བ་དང་།དལ་མོར་གཡང་གཟར་ནས་ཡར་འཕགས་པ་དང་འདྲ།སྟོབས་ཤུགས་འདི་ནི་ཡི་གེའི་ཡིད་དབང་འཕྲོག་པའི་ཆ་ཡིན་ཞིང་།དེ་དག་གིས་ང་རང་རབ་རིབ་ཏུ་གྱུར་ཞིང་།གདུག་རྩུབ་ཆེ་བའི་དོན་དངོས་ཀྱིས་མནར་གཅོད་གཏོང་གྲབས་ཡོད་པའི་བླ་སྲོག་དེ་བསྐྱབས་པ་ཐེངས་གཅིག་ག་ལ་ཡིན།...
2024-12-16 10:06:51 འཇམ་དཔལ་གྱིས་བསྒྱུར། 5467 -
“མཚོ་སྔོན་པོ་དྲ་བ”རྟགས་མའི་བྱ་དགའ་ཨང་གསུམ་པ་ཐོབ་པའི་སྒྱུར་རྩོམ་བརྩམས་ཆོས།...
2024-12-09 12:45:02 དྲ་བའི་རྩོམ་སྒྲིག་པ། 8992 -
“མཚོ་སྔོན་པོ་དྲ་བ”རྟགས་མའི་བྱ་དགའ་ཨང་གཉིས་པ་ཐོབ་པའི་སྒྱུར་རྩོམ་བརྩམས་ཆོས།...
2024-12-09 11:44:35 དྲ་བའི་རྩོམ་སྒྲིག་པ། 9799